འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།ཀྲུང་གོ་ཧུའུ་ནན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཞིག་ཕོ་ལན་དུ་ངོམ་སྟོན་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན“ཧུའུ་ནན་གྱི་ཉམས་འགྱུར། ཡོ་རོབ་ཤར་མར་བཀྲག་མདངས་འཚེར”ཧུའུ་ནན་དང་ཕོ་ལན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྤེལ་རེས་གཟའ་འཁོར་ཝར་སོར་འགོ་ཚུགས་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་9ཡིས་ས་གནས་ས་ཐོག་ཏུ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོས་པར་ཡུལ་དེའི་ལྟ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། དེ་ཉིན་གྱི་དགོང་མོ་ཧུའུ་ནན་དང་ཕོ་ལན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྤེལ་རེས་གཟའ་འཁོར་གྱི་ཆ་ཤས་ཤིག་ཡིན་པའི་ཧུའུ་ནན་གྱི་རིག་གནས་སྒྱུ་རྩལ་མི་སྣ་བཅུ་ལྷག་ཙམ་གྱིས་ཕོ་ལན་གྱི་ལྟད་མོ་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཚོགས་ཤིག་གཉེར་བ་དང་ལེ་ཚན་ནང་དམངས་ཁྲོད་ཀྱི་རོལ་མོ་དཀྲོལ་བ་དང་ཤིང་བཟོས་འདྲ་གཟུགས་ཀྱི་ཟློས་གར་སོགས་ཚུད་ཡོད།