འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།བདེ་ཆེན་གྱི"ཤིང་ཕོར་གྱི་ཕ་ཡུལ"སྦམ་རྩེ་རགས་གྲོང་རྡལ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བདེ་ཆེན་གྱི'ཤིང་ཕོར་གྱི་ཕ་ཡུལ'སྦམ་རྩེ་རགས་གྲོང་རྡལ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྦམ་རྩེ་རགས་གྲོང་རྡལ་ལ"ཤིང་ཕོར་གྱི་ཕ་ཡུལ"ཞེས་པའི་མཚན་སྙན་ཡོད་ཅིང་། ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་འཚོག་ལ་ཉེ་བའི་མཚམས་འདིར། གསར་འགོད་པས་སྦམ་རྩེ་རགས་གྲོང་རྡལ་གྱི་ལག་ཤེས་པ་བློ་བཟང་ཡེ་ཤེས་ལ་བཅར་འདྲི་བྱས་པ་སྟེ། ཁོང་གིས་ལོ་མང་པོའི་རིང་ལ་སྲོལ་རྒྱུན་གྱི་ཤིང་གི་ཅ་ནེ་དང་། རྩམ་སྒམ་སོགས་བཟོ་བཞིན་ཡོད་པ་མ་ཟད། ད་དུང་བཟོ་གྲྭ་བཙུགས་ཤིང་སྲོལ་རྒྱུན་གྱི་ལག་ཤེས་ལ་བརྟེན་ནས་སྡེ་མི་རྣམས་ཕྱུག་འགྱུར་གྱི་ལམ་ལ་ཁྲིད་ཡོད། 
     བློ་བཟང་ཡེ་ཤེས་ཀྱིས"ཤིང་ཆས་ཐོན་རྫས་དག་གི་རྒྱུ་ཆ་ནི་སྡོང་བོའི་རྩ་བའམ་ཡང་ན་སྡོང་རྐང་ཐོག་སྐྱེས་པའི་ཤིང་མཁྲེགས་པོ་ཡིན་ཞིང་། རྒྱུ་ཆ་འདིས་བཟོས་པའི་ཅ་ནེ་ནི་སྲ་ཞིང་རི་མོ་མཛེས་ལ། མཆུ་མི་བསྲེགས་པ་དང་། བྲོ་བ་མི་འགྱུར་བའི་ཁྱད་ཆོས་ལྡན་པ་མ་ཟད། ཤིང་སྡོང་ལའང་གཏོར་བརླག་གཏོང་མི་སྲིད"ཅེས་བཤད། ལོ་མང་རིང་ཤིང་ཆས་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་བྱས་པ་བརྒྱུད། བློ་བཟང་ཡེ་ཤེས་ཀྱིས་ཐོན་རྫས་རིགས་100ལྷག་བཟོས་ཡོད་ཅིང་། དེ་དག་བོད་ལྗོངས་དང་མཚོ་སྔོན་སོགས་དང་། ཁ་ཤས་ཕྱི་རྒྱལ་དུའང་བཙོང་བཞིན་ཡོད། 
【1】  【2】
༄༅།།བདེ་ཆེན་གྱི'ཤིང་ཕོར་གྱི་ཕ་ཡུལ'སྦམ་རྩེ་རགས་གྲོང་རྡལ།