འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།ཁུང་ཙི་སློབ་གླིང་ཨ་ཧྥེ་རི་ཁར་ཁྱབ་གདལ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། 2005ལོར་ཐེན་ཅིན་དགེ་འོས་སློབ་ཆེན་དང་ནེ་རོ་པི་སློབ་ཆེན་གྱིས་མཉམ་ལས་བྱས་ནས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོར་ཁུང་ཙི་སློབ་གླིང་ཨང་དང་པོ་ནེ་རོ་པི་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་ཤིང་། མིག་སྔར་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་41ལ་ཁུང་ཙི་སློབ་གླིང་54དང་ཁུང་ཙི་སློབ་ཁང་27བཙུགས་ཡོད་པ་རེད། ཀྲུང་གོ་དང་བར་ཐག་ལེ་དབར་ཁྲི་ཡིས་ཆོད་པའི་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོར་རྒྱ་ཡིག་སྦྱོང་རྒྱུ་དེ་གཞོན་ནུ་ཚོའི་དར་སོ་ཞིག་ཏུ་གྱུར་ཡོད་ལ་ཁུང་ཙི་སློབ་གླིང་དེའང་ཨ་ཧྥེ་རི་ཁའི་སློབ་མ་ཚོས་རྒྱ་ཡིག་སྦྱོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།