འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་སུ་རྡོ་སོལ་གཏེར་ཁུལ་གྱི་དོན་རྐྱེན་ཁག་169བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྒྱལ་ཁབ་རྡོ་སོལ་གཏེར་ཁུལ་བདེ་འཇགས་ལྟ་ཞིབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པ་བར་རྒྱལ་ཡོངས་སུ་ཁྱོན་བསྡོམས་རྡོ་སོལ་གཏེར་ཁུལ་གྱི་དོན་རྐྱེན་169བྱུང་བ་དང་། མི་211རྐྱེན་ལམ་དུ་ཤོར་ཡོད་ཅིང་། དུས་མཚུངས་ལས་དོན་རྐྱེན་བྱུང་ཚད་20མང་དུ་ཕྱིན་ཡོད་པ་དང་རྐྱེན་ལམ་དུ་ཤོར་ཚད་32ཉུང་དུ་ཕྱིན་ཡོད་པས་སོ་སོར་13.4% འཕར་བ་དང་13.2%ཆག་ཡོད། སྤྱིའི་ཆར་གནས་ཚུལ་བརྟན་པོ་ཡོད།  ཡིན་ནའང་ཀུའེ་ཀྲོའུ་དང་།  སི་ཁྲོན། ཧེ་ལུང་ཅང་། ཧྲན་ཞི་།  ཧོ་ནན། ཧྲའན་ཞི། ཧུའུ་ནན། ཨན་ཧུའེ་སོགས་ཞིང་ཆེན་བརྒྱད་དང་རྡོ་སོལ་ཐོན་སྐྱེད་བྱེད་མཁན་ཞིང་ཆེན་གཞན་བསྡུར་ན་དོན་རྐྱེན་ཐོན་གྲངས་དང་ལས་མི་རྐྱེན་ལམ་དུ་ཤོར་ཚད་ཅུང་མང་བ་ཡོད་པས་སོ་སོར་རྒྱལ་ཡོངས་ཀྱི་55%དང་66.9%ཟིན་གྱི་ཡོད་པས་ད་ལོ་ནས་བཟུང་གི་རྡོ་སོལ་གཏེར་ཁུལ་གྱི་བདེ་འཇགས་གཙོ་གནད་ཁུལ་ཡིན་པ་རེད་།
         རྒྱལ་ཁབ་རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་ཞིབ་ཅུས་ཀྱིས། རིམ་པ་ཁག་གི་རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་ཞིབ་སྡེ་ཚན་དང་། རྡོ་སོལ་གཏེར་ཁའི་ཁེ་ལས་ཁག་གིས་སྔོག་འདོན་དོ་མི་མཉམ་པ་དང་། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ལ་ལྟ་སྟངས་ཡང་དག་འཛིན་ཏེ། རིམ་པ་གསལ་འབྱེད་དང་། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་མ་ལག ས་ཁོངས་ཀྱི་ཐོལ་བྱུང་དོན་རྐྱེན་སྔོན་འགོག་སོགས་འགག་རྩའི་ལྷུ་ཚིགས་ཀྱི་ལས་ཀ་གསུམ་ལ་དམ་འཛིན་བྱས་ནས་དོན་རྐྱེན་ཧ་ཅང་ཆེ་བ་དང་དོན་རྐྱེན་ཆེ་པོ་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།