འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རིགས་གཅིག་མཁས་པས་ཇེ་ནེ་ཝར་
ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་39པ་འཚོགས་རིང་དུ། ཟླ་9ཚེས་11ཉིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཇེ་ནེ་ཝ་སྤྱི་ཁྱབ་ལྟེ་གནས་ཆགས་སའི་རྒྱལ་མང་ཕོ་བྲང་དུ“ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་དང་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས”ཞེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་གཉེར་ནས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ཡི་རིང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད།
         ཟླ་9ཚེས་11ཉིན་གྱི་བརྗོད་དོན་གཙོ་བོའི་ཟུར་ཚོགས་སུ་ཀྲུང་གོ་མི་དམངས་སློབ་ཆེན་དང་ཧྥུའུ་ཏན་སློབ་ཆེན། ཝུའུ་ཧན་སློབ་ཆེན། ནན་ཁའེ་སློབ་ཆེན་བཅས་ནས་ཡོང་བའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རིགས་གཅིག་མཁས་པ་ལྔ་ཡིས་གསོན་ཉམས་ལྡན་པའི་དཔེ་མཚོན་དང་ཞིབ་ཅིང་ཁུངས་བཙན་པའི་གྲངས་གཞི་ལ་བརྟེན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དབུལ་སེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་ནས་ཚོགས་ཞུགས་པར་ཀྲུང་གོར་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ངོ་སྤྲོད་བྱས་ཡོད།
       ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་39པའི་སྤྱིར་བཏང་རྩོད་གླེང་ཐོག་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་ཀུའེ་ཞའོ་ཝེ་ཡིས་ཚོགས་ཆེན་ཐོག་གི་གཏམ་བཤད་ཡང་སྤེལ་ཡོད་ཅིང་། གཏམ་བཤད་ནང་ཁོང་གིས་རང་ཉིད་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་སྐྱེས་པ་དང་འཚར་ལོངས་ཀྱི་བརྒྱུད་རིམ་དང་འབྲེལ་ནས་ཤིན་ཅང་གིས་ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློ་བཀག་འགོག་དང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནུས་ལྡན་ངང་སྤེལ་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་དང་ས་གནས་དེའི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་སྐུལ་འདེད་གཏོང་ཚུལ་ངོ་སྤྲོད་བྱས་པར། ཚོགས་ཞུགས་མི་སྣས་དོ་ཁུར་ཆེན་པོ་བྱས་ཡོད།