འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།《བོད་ལྗོངས་ཀྱི་དབྱངས་རྟ་》རོལ་དབྱངས་འདུ་ཚོགས་ལྷ་སར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།《བོད་ལྗོངས་ཀྱི་དབྱངས་རྟ་》རོལ་དབྱངས་འདུ་ཚོགས་ལྷ་སར་འཚོགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་གྱི་དགོང་མོར། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་བསྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱིས་གཉེར་འགན་ཁུར་བའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཞི་པའི་《བོད་ལྗོངས་ཀྱི་དབྱངས་རྟ་》རོལ་དབྱངས་འདུ་ཚོགས་ལྷ་སར་འཚོགས་པ་རེད།
     ཐེངས་འདིའི་རོལ་དབྱངས་འདུ་ཚོགས་ནང"བོད་ལྗོངས་ཉན"ཞེས་པའི་གཞི་རྒྱུ་འབུར་དུ་ཐོན་པ་བྱས་ནས། ཁྱོན་བོད་ལྗོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལེ་ཚན་12བཀོད་སྒྲིག་བྱས་ཡོད། ལེ་ཚན་ནང་བོད་ཀྱི་སྲོལ་རྒྱུན་གྱི་ཕོ་བྲང་ནང་གཏོང་བའི་—— གར་གླུ་དང་།  ཞབས་གཞས་གཉིས་འདུས་ཀྱི་ནང་མ་སྟོད་གཞས། ད་དུང་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གླིང་སྒྲུང་སོགས་ཡོད། འཁྲབ་སྟོན་པའི་ནང་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པའི་ཆེད་ལས་འཁྲབ་སྟོན་པ་ཡོད་ལ། ད་དུང་ན་ཆུང་བྱིས་པ་དང་དམངས་ཁྲོད་ཚོགས་པའི་འཁྲབ་སྟོན་པའང་ཡོད། ཁོང་ཚོའི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལས་བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱེད་གནས་གལ་ཆེན་ཞིག་ཡིན་ལ། བོད་མི་རིགས་ཀྱི་རིག་གནས་ཀྱི་རྩ་བའི་འབྱུང་ཁུངས་ཀྱང་ཡིན་ཞིང་། བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། གཟིགས་མོ་བ་ཚོར་བོད་མི་རིགས་ཀྱི་རིག་གནས་ཀྱི་ཐུན་མིན་མཛེས་སྡུག་ཉམས་སུ་མྱོང་བཅུག་ཡོད་པ་རེད།
【1】  【2】
༄༅།།《བོད་ལྗོངས་ཀྱི་དབྱངས་རྟ་》རོལ་དབྱངས་འདུ་ཚོགས་ལྷ་སར་འཚོགས་པ།