འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།ཧི་མ་ལ་ཡ་སྐོར་བའི"རྒྱུད་གཅིག་ལམ་གཅིག"མཉམ་ལས་བགྲོ་གླེང་སྐབས་དང་པོ་ཉིང་ཁྲི་ཀླུ་ནང་དུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧི་མ་ལ་ཡ་སྐོར་བའི'རྒྱུད་གཅིག་ལམ་གཅིག'མཉམ་ལས་བགྲོ་གླེང་སྐབས་དང་པོ་ཉིང་ཁྲི་ཀླུ་ནང་དུ་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན། བོད་ལྗོངས་འགྲེམས་ཚོགས་ཀྱི་ཉིང་ཁྲི་ཡན་ལག་འགྲེམས་ཚོགས་ཀྱི་བྱེད་སྒོ་སྟེ་ཧི་མ་ལ་ཡ་སྐོར་བའི"རྒྱུད་གཅིག་ལམ་གཅིག"མཉམ་ལས་བགྲོ་གླེང་དེ་བོད་ལྗོངས་ཉིང་ཁྲི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་དུ་འགོ་ཚུགས་པ་རེད། 
    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅུའུ་ཅན་ཧྭ་དང་། བལ་ཡུལ་གྱི་གྲོས་ཁང་འོག་མའི་གྲོས་དཔོན་མ་ཧ་ལ་ཚོགས་ཐོག་ཏུ་ཕེབས་ནས་གཏམ་གཤམ་གནང་བ་རེད།
     2018ལོའི་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་བགྲོ་གླེང་གི་ཡན་ལམ་བགྲོ་གླེང་དུ་བྱས་པའི་སྐབས་འདིའི་བགྲོ་གླེང་དུ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱིས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་བལ་ཡུལ་སོགས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་དག"རྒྱུད་གཅིག་ལམ་གཅིག"ནང་གི་སྤེལ་རེས་མཉམ་ལས་ཐད་ལ་ཐབས་འདོན་ཇུས་འབུལ་དང་། ཞིབ་འཇུག་གཏིང་ཟབ། རྒྱུས་ལོན་དང་ངོས་འཛིན་གཅིག་མཐུན་ཇེ་མང་དུ་ཡོང་ཐབས་བྱས་ཏེ། བོད་ལྗོངས་ཀྱིས་ཨེ་ཤ་ཡ་ལྷོ་མར་གཏད་ནས་འགྲོ་ལམ་གལ་ཆེན་འབྱེད་པ་དང་ཧི་མ་ལ་ཡ་སྐོར་བའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི"རྒྱུད་གཅིག་ལམ་གཅིག"གི་འཛུགས་སྐྲུན་ལ་ཞུགས་པར་ཤུགས་བཏོན་པ་རེད། 
     སྒོ་འབྱེད་མཛད་སྒོའི་རྗེས་སུ། ཀྲུང་གོ་དང་བལ་ཡུལ་ཕྱོགས་གཉིས་ཀས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བོད་རང་སྐྱོང་ལྗོངས་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་དང་བལ་ཡུལ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྲུང་གོའི་ཧི་མ་ལ་ཡའི་མཛའ་མཐུན་མཐུན་ཚོགས་བར་མཛའ་མཐུན་གྱི་འབྲེལ་བ་འཛུགས་པའི་བརྗེད་ཐོ་》ལ་མིང་རྟགས་འགོད་པའི་མཛད་སྒོ་གཉེར་བ་མ་ཟད། ད་དུང་ཕན་ཚུན་ལ་དྲན་རྟེན་ཕུལ་ཞིང་། མཛའ་མཐུན་འབྲེལ་བ་དང་སྤེལ་རེས་ལ་ཤུགས་སྣོན་བྱས་པ་དང་། མཉམ་ལས་རྒྱ་བསྐྱེད་ཅིང་། ཐུན་མོང་ངང་ཀྲུང་གོ་དང་བལ་ཡུལ་མི་དམངས་བར་གྱི་མཛའ་མཐུན་ལ་ནུས་ཤུགས་བཏོན་པ་དང་། ཀྲུང་གོ་དང་བལ་ཡུལ་བར་གྱི་འབྲེལ་བ་སྲ་བརྟན་དུ་བཏང་བ་རེད། 
༄༅།།ཧི་མ་ལ་ཡ་སྐོར་བའི'རྒྱུད་གཅིག་ལམ་གཅིག'མཉམ་ལས་བགྲོ་གླེང་སྐབས་དང་པོ་ཉིང་ཁྲི་ཀླུ་ནང་དུ་སྤེལ་བ།