འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།“སྐྱེད་མའི་སྦྲག་ཐོག་བསྐུར་མས”ཨ་མ་དབུལ་པོ་ཁྲི་77ལྷག་ལ་ཕན་པ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། བསྐུར་མ་ཆུང་ཆུང་གིས་གཅེས་སེམས་ཆེན་པོ་མཚོན། “སྐྱེད་མའི་སྦྲག་ཐོག་བསྐུར་མའི”སྤྱི་ཕན་རྣམ་གྲངས་2012ལོའི་ཟླ་ལྔ་པར་སྤེལ་འགོ་ཚུགས་པ་ནས་2017ལོའི་ཟླ་བཅུ་གཉིས་པའི་བར་རིམ་རྩིས་བརྒྱབ་ན། རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་12041ལྷག་བཏང་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གི་ཨ་མ་དབུལ་པོ་དང་དེ་བཞིན་ཁྱིམ་ཚང་དབུལ་པོ་ཚོར“སྐྱེད་མའི་སྦྲག་ཐོག་བསྐུར་མ”ཁྲི་77ལྷག་བསྐུར་པས། ཨ་མ་དབུལ་པོ་ཁྲི་77ལྷག་ལ་ཕན་པ་ཐོབ་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “སྐྱེད་མའི་སྦྲག་ཐོག་བསྐུར་མ”ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་དང་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཉེར་འགན་ཁུར་བ་ཞིག་རེད། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་དེ་ཉིད་དམིགས་བསལ་རྒྱབ་སྐྱོར་ཚན་པ་ཡིན་པའི་སྤུས་རྟགས་སྤྱི་ཕན་རྣམ་གྲངས་དེ་2012ལོའི་ཟླ་5ཚེས་22ཉིན་ནས་དངོས་སུ་སྤེལ་འགོ་ཚུགས་ཏེ་གཙོ་བོར་ཨ་མ་དབུལ་པོའི་འཚོ་བའི་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་ནས“གཅིག་གཏད་གཅིག”གི་རོགས་སྐྱོར་ཞལ་འདེབས་རྒྱག་ཐབས་བེད་སྤྱད་དེ། སྦྲག་སྲིད་བསྐུར་མ་བསྐུར་བའི་ལས་སྒོ་གཞི་རྟེན་དུ་བྱས་ནས་འཚོ་བའི་མཁོ་ཆས་སོགས་ཨ་མ་དབུལ་པོའི་ལག་ཏུ་འབྱོར་བ་བྱས་པ་རེད།