འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།ནུས་རྒྱུ་གཙང་མས་མཚོ་སྔོན་གྱི་ནུས་རྒྱུ་ལྗང་མདོག་དང་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནུས་རྒྱུ་གཙང་མས་མཚོ་སྔོན་གྱི་ནུས་རྒྱུ་ལྗང་མདོག་དང་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱེད་པ།
     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་གྲངས་གཞི་ལྟར་ན། 2018ལོའི་ཟླ་8པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་གློག་དྲའི་གློག་གཏོང་འཕྲུལ་ཆས་ནས་ཁྱོན་གློག་གཏོང་ཚད་ཆན་ཝ་ཁྲི་2778.6ཟིན་པའི་ནང་ཉི་གློག་གཏོང་ཚད་ཆན་ཝ་ཁྲི་961དང་རླུང་གློག་གཏོང་ཚད་ཆན་ཝ་ཁྲི་247ཟིན་པ་དེས་གློག་དྲའི་གློག་གཏོང་འཕྲུལ་ཆས་ནས་ཁྱོན་གློག་གཏོང་ཚད་ཀྱི་43.5%ཟིན་གྱི་ཡོད། རང་རྒྱལ་གྱི་ནུས་རྒྱུ་གཙང་མ་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས་ལག་རྩལ་གསར་གཏོད་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ནུས་རྒྱུ་གཙང་མའི་ཐོན་སྐྱེད་དང་འཛད་སྤྱོད་ལ་སྔར་བས་སྐུལ་ཁྲིད་ཐུབ་པར་བྱས་ནས་ནུས་རྒྱུ་ལྗང་མདོག་དང་ཕྱོགས་སྒྱུར་རིམ་སྤོར་བྱས།