འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་དུས་སྔ་མ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་དུས་སྔ་མ།
     མི་དམངས་དྲ་བའི་འཕྲིན། མཚོ་བོད་མཐོ་སྒང་ཅིའི་ཕྱིར་སྔོ་ལྗང་དུ་གྱུར་བ་རེད་དམ། དེ་ནི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བའི་བརྡ་རྟགས་ཡིན་ནམ། འཁྱགས་རུད་ཀྱིས་གནོད་སྐྱོན་བཏང་བའི་ལམ་སྲོལ་ནི་ཅི་ཞིག་ཡིན་ནམ། དེ་ལ་ཚན་རིག་གིས་སྔོན་དཔག་བྱ་ཆོག་གམ། འཁྱགས་རོམ་བཞུ་བ་ལས་ཆུའི་ཐོན་ཁུངས་ཇི་ཙམ་གྱིས་ཇེ་མང་དུ་འགྲོའམ། དེས"ཡ་གླིང་གི་ཆུ་མཛོད"ལ་ཕན་གནོད་གང་ཐེབས་སམ། ཧི་མ་ལ་ཡ་དང་གངས་ཏི་སེ་གཉིས་ལས་སྔོན་ལ་གང་བྱུང་ངམ། དེས་སྐྱེ་དངོས་འཕོ་འགྱུར་ལ་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་ཡོད་དམ།
     སའི་གོ་ལའི"གླིང་སྣེ་གསུམ་པ"རུ་འབོད་པའི་མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན། 2017ལོར། རང་རྒྱལ་གྱིས་དུས་ཡུན་ལོ་ངོ་40ལྷག་འགོར་རྗེས་སླར་ཡང་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་འགོ་བརྩམས་པ་རེད། ལོ་གཅིག་གི་རིང་ལ། ཚན་རིག་རྟོག་ཞིབ་པས་འཁྱགས་རོམ་དང་མཚེའུ། ཆུ་གནས། ནམ་ཟླ། གྲང་ཁུལ་གྱི་སྐྱེ་ཁམས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན། སའི་ཐོན་ཁུངས་འགྱུར་ལྡོག་སོགས་སྡེ་ཚན་མང་པོར་ཕྱོགས་བསྡུས་ཀྱིས་རྟོག་ཞིབ་བྱས་པ་རེད། 2018ལོའི་ཟླ་9ཚེས་5ཉིན། མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་དུས་སྔ་མའི་གྲུབ་འབྲས་ལྷ་སར་སྤེལ་བ་དང་། ཕྱོགས་མང་པོའི་ཐད་ནས་ནམ་ཟླའི་ཁོར་ཡུག་གི"མཚོ་བོད་མཐོ་སྒང་གི་གསང་བ"འགྲེལ་ཆོག་པ་རེད།
༄༅།།མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་དུས་སྔ་མ།