འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།དུད་ཁྱིམ་43མ་གཏོགས་མེད་པའི་བོད་ཀྱི་གྲོང་ཚོ་ནས་སློབ་གྲྭ་ཆེན་མོ་བ་26བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་ཞོལ་ལུང་ཤང་སྨན་སྟེང་གྲོང་ཚོ་ནི་འགྲིམ་འགྲུལ་སྟབས་མི་བདེ་ཞིང་། ཡུལ་མཐའ་འཁོབ་ཏུ་གནས་པའི་རུ་ཁུག་ཅིག་ཏུ་ཆགས་ཡོད། གནས་འདི་རུ་གྲོང་གསེབ་ཀྱི་དགེ་རྒན་སྐོར་ཞིག་སློབ་གསོའི་ལས་དོན་ནང་ཞུགས་ནས། བྱིས་པ་མང་པོའི་ཕུགས་འདུན་སྐྲུན་མཁན་དུ་གྱུར་ཡོད་པ་རེད། གྲོང་གསེབ་ཀྱི་དགེ་རྒན་རེ་རེའི་འབད་བརྩོན་འོག ཉེ་བའི་ལོ་ངོ་20རིང་ལ། དུད་ཁྱིམ་43མ་གཏོགས་མེད་ཅིང་། ཡུལ་མཐའ་འཁོབ་ཏུ་གནས་པའི་རུ་ཁུག་གི་གྲོང་གསེབ་འདི་ནས་སློབ་གྲྭ་ཆེན་མོ་བ་26བྱུང་ཡོད།