འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།ཀྲུང་གོ་རང་གིས་བཟོས་པའི་གླིང་སྣེའི་འཁྱགས་གཏོར་གྲུ་གཟིངས་ཐོག་མ“ཞོལ་ལུང་2པ”རྟགས་ཅན་ཆུར་འཛུལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཀྲུང་གོ་རང་གིས་བཟོས་པའི་གླིང་སྣེའི་འཁྱགས་གཏོར་གྲུ་གཟིངས་ཐོག་མ“ཞོལ་ལུང་2པ”རྟགས་ཅན་ཆུར་འཛུལ་བ།
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན་གྱི་ཕྱི་དྲོར། རང་རྒྱལ་གྱིས་རང་བརྟེན་བཟོ་སྐྲུན་བྱས་པའི་གླིང་སྣེའི་ཚན་རིག་རྟོག་ཞིབ་འཁྱགས་གཏོར་གྲུ་གཟིངས་ཐོག་མ“ཞོལ་ལུང་2པ”རྟགས་ཅན་ཧྲང་ཧའེ་ནས་ཆུར་འཛུལ་ཡོད་ཅིང་། དེ་ཐོག་ནས་རང་རྒྱལ་གྱིས་གླིང་སྣེའི་ས་ཁུལ་དུ་ཡུལ་དངོས་སུ་རྟོག་ཞིབ་བྱེད་པར་འགན་སྲུང་དང་འདེགས་སྐྱོར་གྱི་ནུས་པར་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད།
        “ཞོལ་ལུང་2པ”རྟགས་ཅན་གླིང་སྣེའི་ཚན་རིག་རྟོག་ཞིབ་འཁྱགས་གཏོར་གྲུ་གཟིངས་བཟོ་སྐྲུན་ལས་གྲྭ་ནི་རང་བྱུང་ཐོན་ཁུངས་པུའུ་ཡི་ཁོངས་གཏོགས་ཀྱི་ཀྲུང་གོའི་གླིང་སྣེའི་ས་ཁུལ་གྱི་ཞིབ་འཇུག་ལྟེ་གནས་ཀྱིས་སྒྲིག་འཛུགས་དང་ལག་བསྟར་བྱེད་པ་དང་། ཀྲུང་གོ་གྲུ་གཟིངས་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་ཨང་བདུན་ཀླད་ཀོར་བརྒྱད་ཞིབ་འཇུག་སོའོ་ཡིས་ཇུས་འགོད་དང་། ཅང་ནན་གྲུ་གཟིངས་བཟོ་སྐྲུན(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིས་བཟོ་སྐྲུན་བྱེད་འགན་འཁུར་ཡོད། གྲུ་གཟིངས་ཇུས་འགོད་ཀྱི་གྲུའི་རིང་ཚད་ལ་སྨི་122.5དང་། ཞེང་ཚད་ལ་སྨི་22.3 ཆུ་འབུད་ཚད་ཏུན་13990 མྱུར་ཚད་ཅེ་12ནས་ཅེ་15 བསྟུད་མར་བསྐྱོད་ཚད་མཚོ་ལེ་ཁྲི་2 མཚོ་ཐོག་རང་ཚོད་འཛིན་པའི་ནུས་པ་ཉིན་60དང་མི་90བསྡོད་ཐུབ། ཅེ་2ནས་ཅེ་3ཡི་མྱུར་ཚད་ཀྱིས་འཁྱགས་པ་མཐུག་ཚད་སྨི་1.5དང་གངས་མཐུག་ཚད་སྨི་0.2ཀྱི་ཁོར་ཡུག་ནང་མུ་མཐུད་འཁྱགས་གཏོར་བྱས་ནས་སྐྱོད་ཐུབ་ཀྱི་ཡོད།
【1】  【2】
༄༅།།ཀྲུང་གོ་རང་གིས་བཟོས་པའི་གླིང་སྣེའི་འཁྱགས་གཏོར་གྲུ་གཟིངས་ཐོག་མ“ཞོལ་ལུང་2པ”རྟགས་ཅན་ཆུར་འཛུལ་བ།