འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།2015ལོ་ནས་2017ལོ་བར་དབང་སྐྱོན་སློབ་མ་ཁྱོན་ཁྲི་2.89མཐོ་སློབ་དཀྱུས་མར་ཚུད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཀྲུང་གོ་དབང་སྐྱོན་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི“ང་པེ་ཅིང་དུ་སློབ་ཆེན་འགྲིམས་པར་ཡོང་གི་ཡིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2015ལོ་ནས་2017ལོ་བར་དབང་སྐྱོན་སློབ་མ་ཁྱོན་ཁྲི་2.89ཡིས་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་པ་བརྒྱུད་མཐོ་སློབ་དཀྱུས་མར་ཚུད་པ་དང་། དེའི་ནང་2015ལོར་མི་8508དང་། 2016ལོར་མི་9592 2017ལོར་མི་10818བཅས་ཡོད་པ་དང་། 2015ལོ་ནས་2017ལོ་བར་དབང་སྐྱོན་སློབ་མ་ཁྱོན་5464ཡིས་རྐྱང་རྒྱུགས་དང་རྐྱང་བསྡུ་བྱས་པ་བརྒྱུད་མཐོ་རིམ་དམིགས་བསལ་སློབ་ཁྲིད་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། དེའི་ནང་2015ལོར་མི་1678དང་། 2016ལོར་མི་1941 2017ལོར་མི་1845བཅས་ཡོད་པ་རེད།