འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།“ངའི་སེམས་ནང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་དང་སློབ་གསོ་པུས་མཉམ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི“ངའི་སེམས་གཏིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་གྱི་རྒྱལ་སའི་ངར་ལྕགས་ཚོགས་པའི་གཞུང་ལས་སྒྲུབ་ཡུལ་དུ་འགོ་ཚུགས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཆེ་ཧན་ཙེ་རུང་གིས་སྐུ་མགྲོན་དང་སློབ་ཆུང་སློབ་མའི་འཐུས་མི་དང་མཉམ་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་གྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས“ངའི་སེམས་གཏིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས”ཞེས་པའི་བརྗོད་དོན་གཙོ་བོའི་H5ཡི་པར་ངོས་སྤྱོད་འགོ་བཙུགས་པ་རེད།