འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།2020ལོའི་ཟླ་8པར་ཀུའེ་ཀྲོའུ་ཆན་ནན་དུ་སྐབས་བཞི་པའི་ལྗང་འགྱུར་དངོས་མང་སྟོན་ཚོགས་གཉེར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་སྐབས་བཞི་པའི་ཀྲུང་གོའི་ལྗང་འགྱུར་དངོས་མང་སྟོན་ཚོགས་གྲབས་གཉེར་ལས་ཀའི་སྐུལ་སློང་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ལྗང་འགྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་2020ལོའི་ཟླ་8པར་ཀུའེ་ཀྲོའུ་ཞིང་ཆེན་གྱི་ཆན་ནན་པུའུ་དབྱི་རིགས་མིའོ་རིགས་རང་སྐྱོང་ཀྲོའུ་རུ་སྐབས་བཞི་པའི་ཀྲུང་གོའི་ལྗང་འགྱུར་དངོས་མང་སྟོན་ཚོགས་གཉེར་རྒྱུ་ཡིན་པ་དང་། སྐབས་བཞི་པའི་ཀྲུང་གོའི་ལྗང་འགྱུར་དངོས་མང་སྟོན་ཚོགས་ཀྱི་གཉེར་ཡུལ་དེ་ཆན་ནན་ཀྲོའུ་ཏུའུ་ཡུན་གྲོང་ཁུལ་དང་ཏུའུ་ཡུན་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དབར་དུ་བདམས་ནས་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་1959འཆར་འགོད་བྱས་པ་དེའི་ནང་ལྟེ་བའི་ཁུལ་གྱིས་རྒྱ་ཁྱོན་སྤྱི་ཆིང་396ཟིན་གྱི་ཡོད་པ་རེད།