འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།2018ལོའི་འབྱུང་འགྱུར་ཚན་རིག་བྱ་དགའ་ཆེན་པོ་ཡོངས་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། འབྱུང་འགྱུར་ཚན་རིག་བྱ་དགའ་ཆེན་པོའི་ཚན་རིག་ཨུ་ཡོན་ལྷན་ཁང་གིས་ཚེས་8ཉིན་པེ་ཅིང་དུ་2018ལོའི་འབྱུང་འགྱུར་ཚན་རིག་བྱ་དགའ་ཆེན་པོའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་རེད། ལི་ཅ་ཡང་དང་། ཡོན་ལུང་ཕིང་། ཀྲང་ཆི་ཧྥ་བཅས་ལ“ཚེ་སྲོག་ཚན་རིག་གི་བྱ་དགའ”ཐོབ་པ་དང་། མ་ཏ་ཝེ་དང་། ཧྥེང་ཞའོ་མིང་། ཀྲོའུ་ཆི་ལིན་བཅས་ལ“དངོས་པོའི་ཚན་རིག་གི་བྱ་དགའ”ཐོབ་པ། ལིན་པེན་ཅན་ལ“རྩིས་རིག་དང་རྩིས་འཁོར་ཚན་རིག་གི་བྱ་དགའ”ཐོབ་ཅིང་། བྱ་དགའ་ཁག་གསུམ་གྱི་བྱ་དགའི་དངུལ་ནི་སོ་སོར་མི་དམངས་ཤོག་སྒོར་ཁྲི་688(ཧ་ལམ་ཨ་སྒོར་ཁྲི་100)ཡིན་པ་རེད།