འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་11ཉིན།

༄༅།།བོད་ལྗོངས་ཀྱི་རང་བརྟེན་སྤུས་རྟགས་དཀར་ཆུའི་ཐོན་རྫས་ལས་སྣོན་ཁེ་ལས་ཤིག་དངོས་སུ་ཐོན་སྐྱེད་བྱེད་
འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྲི་ཀྲའོ་ཐོན་ལས་གླིང་དུ་གནས་པའི་བོད་ལྗོངས་ས་གཙང་དཀར་ཆུ་ཚད་ཡོད་ཀུང་སིས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། འདི་ནི་མིག་སྔར་བོད་དུ་གཞི་ཁྱོན་ཅུང་ཆེ་ལ་ལག་རྩལ་སྔོན་ཐོན་དང་རང་བརྟེན་སྤུས་རྟགས་ལྡན་པའི་དེང་རབས་ཅན་གྱི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ་ཞིག་ཡིན་པས། བོད་དུ་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་དཀར་ཆུའི་ཐོན་རྫས་ལས་སྣོན་གྱི་ཐོན་སྐྱེད་སྒྲུབ་རིམ་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།
     བོད་ལྗོངས་ས་གཙང་དཀར་ཆུ་ཚད་ཡོད་ཀུང་སིའི་དུས་ཐེངས་དང་པོའི་ས་བཟུང་རྒྱ་ཁྱོན་མུའུ་62.8ཟིན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3.1བཏང་ཡོད་པ་དང་། སྤྱིའི་ཐོན་སྐྱེད་བྱེད་ནུས་ཉིན་རེར་འོ་མ་ཏུན་150ལས་སྣོན་བྱེད་པ་དང་། ལོ་རེར་འོ་མ་ཐོན་རྫས་ཏུན་ཁྲི་5ཟིན་པ། ལོ་རེར་ཐོན་རྫས་སྒོར་དུང་ཕྱུར་5.5ཟིན་པ་བཅས་བྱུང་ནས་སྒྲིག་བཀོད་སྒྲིག་ཆས་དང་། བཟོ་རྩལ་བརྒྱུད་རིམ། དོ་དམ་མ་ལག ལས་རིགས་ཀྱི་ཚད་གཞི། ཐོན་རྫས་ཀྱི་སྤུས་ཚད་བཅས“འཛམ་གླིང་གི་རྩེ་གྲ་ལྔ”གཏོད་ཐུབ་ནས་བོད་ཀྱི་གཟན་རྩྭའི་འདེབས་འཛུགས་ལས་རིགས་དང་། བཞོན་མ་གསོ་ཚགས་ལས་རིགས། དཀར་ཆུའི་ཐོན་རྫས་ཕྱིར་ཚོང་ལས་རིགས་བཅས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་རེད།