འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།བོད་ཀྱི་གནའ་ཡིག་རྩ་ཆེན"ཕུ་རིའི་ཡིག་ཚང"དཔེ་སྐྲུན་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་གནའ་ཡིག་རྩ་ཆེན'ཕུ་རིའི་ཡིག་ཚང'དཔེ་སྐྲུན་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན། བོད་ཀྱི་གནའ་ཡིག་རྩ་ཆེན་《ཕུ་རིའི་ཡིག་ཚང་གཅེས་བཏུས་》ཀྱི་འདྲ་པར་དེབ་2པར་བསྐྲུན་བྱས་པ་དང་། འདི་ནི"ཕུ་རིའི་ཡིག་ཚང"ཐེངས་དང་པོར་འདྲ་པར་གྱི་རྣམ་པས་དཔེ་བསྐྲུན་བྱས་པ་རེད། 
     ངོ་སྤྲོད་བྱས་པར་གཞིགས་ན། ཕུ་རིའི་ཡིག་ཚང་ནི་2002ལོར་བོད་ལྗོངས་སྙེ་མོ་རྫོང་གི་བོད་ཡིག་གནའ་ཡིག་ཡིག་ཚང་ཁག་དང་པོ་ལས་བྱུང་བ་དང། ཁྱོན་བསྡོམས་རིགས་150ཡོད་ཅིང་། ཤོག་གྲངས་ཁྲི་1.2ཉེ་བ་ཙམ་ཡོད་ལ། ཚང་མ་དུས་རབས་བཅུ་བཞི་པའི་སྔོན་དུ་གྲུབ་པ་ཡིན་པ་དང་། དེའི་ཁྲོད་དུ་ཡིག་ཚང་ཁ་ཤས་ནི་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ཡིན་པ་རེད། འདི་ནི་ཏུན་ཧོང་ཡིག་ཆའི་རྗེས་ནས་ཀྲུང་གོའི་མངའ་ཁོངས་ནས་རྙེད་པའི་ལོ་རབས་སྔ་ཤོས་དང་། ཉར་ཚགས་བྱས་ཚད་མང་ཤོས་ཀྱི་བོད་ཡིག་གནའ་ཡིག་གི་ཡིག་ཚང་རེད། དེའི་ཁྲོད་དུ་དུས་རབས་བཅུ་བའི་སྐབས་ཀྱི་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་》བྲིས་མ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་《རྒྱལ་ཁབ་ཀྱི་གནའ་ཡིག་རྩ་ཆེན་གྱི་དཀར་ཆག་》ནང་བདམས་པ་རེད།
     ཡིག་ཚང་འདིར་བོད་སུལ་བུའི་དུས་སྐབས་ཀྱི་ཕུ་རི་ས་ཁུལ་གྱི་རང་བྱུང་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། ལོ་རྒྱུས་དང་རིག་གནས་ཀྱི་རྣམ་པ་བཀོད་ཡོད་ཅིང་། གུང་ཐང་ས་ཁུལ་གྱི་གནའ་ཡིག་ཡིག་ཚང་གི་སྟོང་ཆ་ཁ་བསྐངས་ཡོད་ལ། བོད་ལྗོངས་རིག་གནས་ཀྱི་འབྱུང་ཁུངས་དང་། འགྱུར་ལྡོག འཕེལ་རྒྱས་བཅས་ཞིབ་འཇུག་བྱེད་པར་དཔྱད་གཞི་ཡིག་ཆ་ཨང་དང་པོ་དང་གདོད་མའི་ཚད་ལྡན་ཡིག་ཆའི་དཔང་རྟགས་མཁོ་འདོན་བྱས་ཡོད། 
     ཉེ་བའི་ལོ་བཅུའི་རིང་ལ། བོད་ལྗོངས་སློབ་ཆེན་གྱིས་བོད་ཡིག་གནའ་ཡིག་ཡིག་ཚང་མྱུར་སྐྱོབ་ལེགས་སྒྲིག་ཚོགས་པ་རྩ་འཛུགས་བྱས་ནས། བོད་ཡིག་གནའ་ཡིག་ཡིག་ཚང་ཉར་ཚགས་དང་། ལེགས་སྒྲིག གྲངས་གཞི་ཅན་སོགས་ཀྱི་ཐད་ལ་འབྲེལ་ནས། ད་ལྟ"ཕུ་རིའི་ཡིག་ཚང"འདུས་པའི་བོད་ཡིག་གནའ་ཡིག་རྩ་ཆེན་ཡིག་ཆའི་དཀར་ཆག་ལེགས་སྒྲིག  གློག་རྡུལ་བཤར་འབེབས། ཡིག་ཚགས་སུ་ཉར་བ་སོགས་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ཡོད། 
༄༅།།བོད་ཀྱི་གནའ་ཡིག་རྩ་ཆེན'ཕུ་རིའི་ཡིག་ཚང'དཔེ་སྐྲུན་བྱས་པ།