འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།སྐབས་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་དུས་ཆེན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྐབས་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་དུས་ཆེན་འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་འདེད་ལྷན་ཚོགས་དང་། ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་གཉེར་འགན་འཁུར་བ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་རོགས་བྱས་པའི་སྐབས་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ལྷ་སའི་བར་སྐོར་ལམ་གྱི་བཤད་སྒྲ་སྒོ་རྭ་ཆེ་མོ་དང་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་སྤེལ་བ་རེད།
    སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་གཙོ་བོར་འགོ་ཚུགས་མཛད་སྒོ་དང་། རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ལེགས་གྲས་འགྲེམས་སྟོན། རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་གྱི་ཉོ་ཚོང་འགྲེམས་སྟོན། མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་བྱེད་སྒོ་སོགས་ཡོད། སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོ། བྱ་དགའ་སྤྲོད་པའི་བྱེད་སྒོ་དེ་ཟླ་9ཚེས་11ཉིན་སྤེལ་རྒྱུ་ཡིན་པ་དང་། བརྩམས་ཆོས་འགྲེམས་སྟོན་ནི་ཟླ་9ཚེས་8ཉིན་ནས་ཟླ་10ཚེས་7ཉིན་བར་དུ་བཤད་སྒྲ་སྒོ་རྭ་ཆེ་མོར་སྤེལ་རྒྱུ་དང་། ཉིན་རེའི་ཆུ་ཚོད་10:00ནས་ཆུ་ཚོད་18:00བར་དུ་རིན་པ་མི་དགོས་པར་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་རེད། ཉོ་ཚོང་འགྲེམས་སྟོན་དེ་ཟླ་9ཚེས་8ཉིན་ནས་ཟླ་9ཚེས་12བར་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་འགྲེམས་ར་གཙོ་བོའི་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་ཨང་2པར་སྤེལ་རྒྱུ་རེད།
【1】  【2】
༄༅།།སྐབས་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་དུས་ཆེན་འགོ་ཚུགས་པ།