འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།རྒྱལ་སྤྱིའི་རང་བཞིན་གྱི་བོད་ལྗོངས་འགྲེམས་ཚོགས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་སྤྱིའི་རང་བཞིན་གྱི་བོད་ལྗོངས་འགྲེམས་ཚོགས།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན། སྐབས་བཞི་བའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་འགྲེམས་ཁུལ་སྒོ་ཕྱེ་བ་དང་སྐོར་སྐྱོད་འགྲེམས་སྟོན་དང་འགྲེམས་སྟོན་ལྷ་སར་སྤེལ་འགོ་ཚུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཚོང་པ་མང་པོ་ངོ་འཕྲད་གྲོས་མོལ་བྱེད་པ་དང་ཚོང་ཟོག་ཉོ་བའི་ཡིད་དབང་བཀུག་ཡོད་པ་རེད།    
     སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ནི་དུས་ཡུན་ཉིན་7ཡིན་ཞིང་། "བོད་ལྗོངས་གསར་པར་སྤྲོ་བས་རོལ་། གླིང་སྣེ་གསུམ་པར་སྲུང་སྐྱོང་བྱེད"ཅེས་པ་བརྗོད་བྱ་གཙོ་བོར་བྱས་ནས། "འཛམ་གླིང་ཡང་རྩེའི"ཡུལ་སྐོར་རིག་གནས་མཐོ་རིམ་གླེང་སྟེགས་དང་། བོད་ལྗོངས་ས་མཐོའི་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སོགས་བྱེད་སྒོ་མང་པོ་ཚུད་ཡོད་ཅིང་། དེའི་ཁྲོད་དུ། འགྲེམས་ཁུལ་སྒོ་ཕྱེ་ནས་སྐོར་སྐྱོད་འགྲེམས་སྟོན་དང་འགྲེམས་སྟོན་བྱེད་སར་འགྲེམས་སྟེགས་300ཙམ་བཀོད་སྒྲིག་བྱས་ཡོད་པ་དང་། རིགས་ཁག་གི་འགྲེམས་ཞུགས་ཁེ་ལས་230དང་། ཕྱི་རྒྱལ་གྱི་འགྲེམས་ཞུགས་ཁེ་ལས་96ཡོད་པ་རེད།
   ཉེ་བའི་ལོ་འགའི་ནང་། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2017ལོར། བོད་ལྗོངས་ཀྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2500ལྷག་སྣེ་ལེན་བྱས་ཡོད་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་380ཙམ་གཏོད་ཡོད། ད་ལོའི་ལོ་སྟོད་དུ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1115.61ལ་སྣེ་ལེན་བྱས་ཡོད་པ་དང་།  དུས་མཚུངས་དང་བསྡུར་ན་29.6%འཕར་ཡོད།
【1】  【2】
༄༅།།རྒྱལ་སྤྱིའི་རང་བཞིན་གྱི་བོད་ལྗོངས་འགྲེམས་ཚོགས།