འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།མི་གསུམ་ལས་མེད་པའི་སློབ་གྲྭ་ཆུང་ཆུང་།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།མི་གསུམ་ལས་མེད་པའི་སློབ་གྲྭ་ཆུང་ཆུང་།
       མི་དམངས་དྲ་བའི་འཕྲིན། ཧོ་པེ་ཞིང་ཆེན་གྱི་ཧྲ་ཧེ་གྲོང་ཁྱེར་ནུབ་རྒྱུད་ཀྱི་ཐའེ་ཧང་རི་བོའི་གཏིང་དུ་དགེ་རྒན་གཅིག་དང་སློབ་མ་གཉིས་ཡོད་པའི་སློབ་གྲྭ་ཆུང་ཆུང་ཞིག་ཡོད་པ་སྟེ།  དེ་ནི་ཧྲ་ཧེ་གྲོང་ཁྱེར་ཀྲའེ་ཨའོ་སློབ་ཆུང་ཡིན། ལོ་28ལ་སླེབས་པའི་ཚུའེ་ཧྥང་དབྱིན་ནི་སློབ་གྲྭ་འདིའི་དགེ་རྒན་ཡིན་ཞིང་ལོ་རིམ་གཉིས་པའི་སློབ་མ་ཀུའོ་ཝུའེ་ཉིང(བུ)དང་ཀྲུའུ་ཞུན་ལེ(བུ་མོ)གཉིས་ཀྱི་སྐད་ཡིག་དང་ཨང་རྩིས། ལུས་རྩལ། རོལ་དབྱངས་སོགས་སློབ་ཚན་ཆ་ཚང་གི་འགན་ཁུར་གྱི་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཧྲ་ཧེ་གྲོང་ཁྱེར་ཀྲའེ་ཨའོ་སློབ་ཆུང་ལ་ལོ་ངོ་50ལྷག་ཙམ་གྱི་སློབ་གཉེར་ལོ་རྒྱུས་ལྡན་ཅིང་། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་ཕྱིར་ལས་མི་བྱེད་པར་སྐྱོད་མཁན་ཇེ་མང་དུ་འགྲོ་བ་དང་ཞིང་གྲོང་གི་ཕ་མ་དེ་བས་མང་བས་བྱིས་པ་གྲོང་ཁྱེར་དུ་སློབ་གྲྭར་བསྐྱལ་བས།  ཧྲ་ཧེ་གྲོང་ཁྱེར་ཀྲའེ་ཨའོ་སློབ་ཆུང་གི་སློབ་མའི་སློབ་ཁུངས་ལོ་རེ་བཞིན་ཉུང་དུ་ཕྱིན་ཏེ། ལོ་རིམ་གཉིས་པ་ཕུད་ལོ་རིམ་གཞན་གྱི་སློབ་མ་བར་མཚམས་ཆད་པའི་སྣང་ཚུལ་ཐོན་ཡོད། ཧྲ་ཧེ་གྲོང་ཁྱེར་སློབ་གསོའི་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། དགེ་སློབ་མི་གྲངས་15མན་གྱི་ཐག་རིང་ལུང་ཁུག་གྲོང་ཚོའི་སློང་གྲྭ་ཆུང་ཆུང་ཧྲ་ཧེ་གྲོང་ཁྱེར་དུ་45ཡོད།
༄༅།།མི་གསུམ་ལས་མེད་པའི་སློབ་གྲྭ་ཆུང་ཆུང་།
༄༅།།མི་གསུམ་ལས་མེད་པའི་སློབ་གྲྭ་ཆུང་ཆུང་།