འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།མཚོ་སྔོན་གྱིས་ལས་བྱེད་པའི་མི་དོན་ཡིག་ཚགས་ལ་ཆེད་དོན་ཞིབ་བཤེར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་4པ་ནས་བཟུང་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་། ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལ“ཕྱིར་མིག་ལྟ་བ”དང་དེ་བཞིན་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་གི་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་དོ་དམ་ནན་པོ་བྱེད་པ་དང་ལས་བྱེད་པའི་མི་དོན་ཡིག་ཚགས་ཁྱབ་ཁོངས་སུ་གནས་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ཏེ་ལས་བྱེད་པའི་ཆ་འཕྲིན་དང་ལས་བྱེད་པའི་ལོ་རྒྱུས་ངོ་མ་མཚོན་པ་དང་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་《མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལ“ཕྱིར་མིག་ལྟ་བ”དང་དེ་བཞིན་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་གི་ལས་ཀའི་ལག་བསྟར་ཇུས་གཞི་》བཟོས་ཏེ་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལ“ཕྱིར་མིག་ལྟ་བ”དང་རྫུན་བཟོར་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤྱིའི་བླང་བྱ་དང་། ཁྱབ་ཁོངས་དང་ནང་དོན། དུས་ཚོད་དང་གོ་རིམ། ལས་ཀའི་བླང་བྱ་སོགས་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལ“ཕྱིར་མིག་ལྟ་བ”དང་དེ་བཞིན་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་གི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་གྲོང་ཨུད(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་རྩ་འཛུགས་པུའུ་ཀྲང་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལ“ཕྱིར་མིག་ལྟ་བ”དང་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་ལས་དོན་གྱི“འགན་འཁྲི་འཁུར་མཁན་ཨང་དང་པོར”བྱས་ནས་ཟླ་རེའི་སྙན་ཞུའི་ལམ་ལུགས་བཟོས་ཏེ་ས་གནས་ཁག་དང་ཚན་པ་ཁག་ལ་ཟླ་རེའི་ཟླ་མཇུག་ཏུ་ཞིང་ཨུད་རྩ་འཛུགས་པུའུ་ལ་ལས་ཀའི་འཕེལ་རིམ་གནས་ཚུལ་སྙན་ཞུ་ཕུལ་ནས་ལས་ཀའི་འཕེལ་རིམ་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས《ཞིང་ཆེན་་ཡོངས་ཀྱི་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལ“ཕྱིར་མིག་ལྟ་བ”དང་དེ་བཞིན་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་ལས་ཀའི་ལྟ་སྐུལ་མཛུབ་ཁྲིད་ཇུས་གཞི》བཟོས་ཏེ། པུའི་ལས་ཁུངས་ནས་ལས་བྱེད་པའི་མི་དོན་ཡིག་ཚགས་ལས་དོན་ལ་རྒྱུས་མངའ་ཡོད་པའི་བློ་མཐུན་8ཟུར་དུ་འཐེན་ནས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་2བཙུགས་ནས་ས་གནས་ཁག་དང་ཚན་པ་ཁག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་བསྐྱོད་ཡོད། ཟླ་5པ་ནས་བཟུང་དུས་ཡུན་ཟླ་བ་1རིང་གྲོང་ཁྱེར་དང་ཀྲོའུ་8དང་རྫོང་དང་། གྲོང་ཁྱེར། ཆུས་བཅས་25ཡི་རྩ་འཛུགས་དང་། མི་སྤྱི། སློབ་གསོ། སྤྱི་བདེ་སོགས་ཁོངས་གཏོགས་ཀྱི་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལ“ཕྱིར་མིག་ལྟ་བ”དང་རྫུན་བཟོའི་གནས་ཚུལ་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་རེས་སྐོར་དང་པོའི་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། ལྟ་སྐུལ་མཛུབ་ཁྲིད་ཐད་དཔྱད་གཞིར་ལྟ་བ་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། འབྲེལ་ཡོད་ལས་ཀའི་བླང་བྱ་གསལ་བཤད་སོགས་ཀྱི་བྱེད་ཐབས་སྤྱད་ཡོད་པ་རེད། ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་མ་ཐུབ་པ་དང་འཕེལ་རིམ་འགོར་བའི་ཚན་པ་གསུམ་གྱི་འགན་ཁུར་བློ་མཐུན་ལ་སྐོང་འདྲི་བྱས་པ་རེད། གཞི་རིམ་གྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ས་གནས་ས་ཐོག་ཏུ་ལན་རྒྱག་ཐུབ་པར་འཕྲལ་མར་ལན་བརྒྱབ་པ་དང་། གོང་རིམ་ལ་གོང་ཞུ་བྱས་ནས་ཁ་གསལ་བྱུང་བ་དུས་ཐོག་ཏུ་ལན་བརྒྱབ་པ། སྐབས་ཤིག་རིང་ལན་གསལ་པོ་རྒྱག་མི་ཐུབ་པ་ལས་གནས་སུ་ཕྱིར་ལོག་བྱས་ཏེ་ཞིབ་འཇུག་གཏིང་ཟབ་བྱས་ཡོད་པ་རེད། རེས་སྐོར་གསར་པའི་ལྟ་སྐུལ་མཛུབ་ཁྲིད་མཇུག་འགྲིལ་རྗེས། ཞིང་ཨུད་རྩ་འཛུགས་པུས《ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལ“ཕྱིར་མིག་ལྟ་བ”དང་རྫུན་བཟོར་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རེས་སྐོར་གསར་པའི་ལྟ་སྐུལ་མཛུབ་ཁྲིད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།