འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།བོད་ཡིག་གི་རྩ་ཆེའི་གནའ་གཞུང་ཡིག་ཚངས་《ཕུ་རིའི་ཡིག་ཚངས་གཅེས་བཏུས་》ཀྱི་པར་ཕུད་འགྲེམས་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཡིག་གི་རྩ་ཆེའི་གནའ་གཞུང་ཡིག་ཚངས་《ཕུ་རིའི་ཡིག་ཚངས་གཅེས་བཏུས་》ཀྱི་པར་ཕུད་འགྲེམས་སྤེལ་བྱས་པ།
     མི་དམངས་དྲ་བའི་འཕྲིན། “ཕུ་རིའི་ཡིག་ཚངས”ནི“ཏུན་ཧོང་གི་ཡིག་ཚངས”རྗེས་ཀྲུང་གོའི་མངའ་ཁོངས་ནས་རྙེད་པའི་ལོ་རྒྱུས་ཡུན་རིང་ཤོས་དང་འབོར་ཚད་མང་ཤོས་ཀྱི་བོད་ཡིག་གནའ་གཞུང་ཡིག་ཚངས་ཤིག་རེད། དེ་དག་ཚང་མ་དུས་རབས་བཅུ་བཞི་པའི་དུས་འགོར་བྲིས་པ་ཞིག་དང་དེའི་ཁྲོད་ཀྱི་ཡིག་ཚངས་ཁ་ཤས་བཙན་པོའི་རྒྱལ་རབས(ཐང་རྒྱལ་རབས)ཀྱི་དུས་སུ་བྲིས་པ་ཞིག་རེད། འདི་ནི་བོད་ལྗོངས་གཉའ་ནང་རྫོང་ཕུ་རི་གྲོང་ཚོའི་གྲོང་མིས་《ཕུ་རིའི་ཡིག་ཚངས་གཅེས་བཏུས་》ཀྱི་པར་ཕུད་ལྟ་ཀློག་བྱེད་བཞིན་པ།