འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་7ཉིན།

༄༅།།བོད་ལྗོངས་ཀྱིས་ཐའེ་ཝན་གྱི་ཡུལ་མིའི་གནས་སྡོད་ལག་ཁྱེར་ཨང་དང་པོ་དེ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱིས་ཐའེ་ཝན་གྱི་ཡུལ་མིའི་གནས་སྡོད་ལག་ཁྱེར་ཨང་དང་པོ་དེ་སྤྲད་པ།
      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་རྒྱལ་མཚམས་ནས་འགྲོ་འོང་མཁན་ལ་དོ་དམ་བྱེད་སའི་སྤྱི་ཁྱབ་རུ་ཁག་གི་ལག་ཁྱེར་གཉེར་སའི་ཚོམས་ཆེན་དུ་ཤང་ཀང་དང་།  ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མིའི་གནས་སྡོད་ལག་ཁྱེར་སྤྲོད་པའི་མཛད་སྒོ་གཉེར་བ་རེད། བོད་ལྗོངས་སུ་ཡོད་པའི་ཐའེ་ཝན་གྱི་མཁྱེན་ལྡན་མ་ཡུས་ལ་ཐའེ་ཝན་གྱི་ཡུལ་མིའི་གནས་སྡོད་ལག་ཁྱེར་ཐོབ་ཡོད་པ་དང་། འདིའང་བོད་རང་སྐྱོང་ལྗོངས་ཀྱིས་ཐའེ་ཝན་གྱི་ཡུལ་མིའི་གནས་སྡོད་ལག་ཁྱེར་སྤྲོད་ཐེངས་དང་པོ་དེ་རེད། ཟླ་9ཚེས་1ཉིན། 《ཤང་ཀང་དང་།  ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མིའི་གནས་སྡོད་ལག་ཁྱེར་རེ་ཞུ་དང་སྤྲོད་པའི་བྱ་ཐབས་》དངོས་སུ་ལག་བསྟར་བྱས་པ་དང་། རེ་ཞུའི་ཆ་རྐྱེན་འཛོམས་པའི་ཤང་ཀང་དང་།  ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མིས། རང་གི་འདོད་བློ་ལྟར། གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།
༄༅།།བོད་ལྗོངས་ཀྱིས་ཐའེ་ཝན་གྱི་ཡུལ་མིའི་གནས་སྡོད་ལག་ཁྱེར་ཨང་དང་པོ་དེ་སྤྲད་པ།