འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་6ཉིན།

༄༅།།མཚོ་སྔོན་གྱིས་ནག་གཤེད་དང་འབྲེལ་བའི་ཉེས་གསོག་ངན་ཚོགས་39རྩ་མེད་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་06ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྤྱི་བདེ་ཅུས་ཀྱིས་གྱོད་འབྲེལ་རྒྱན་དངུལ་སྒོར་ཁྲི་800ལྷག་ཙམ་ཟིན་པའི་རྒྱན་འགྱེད་གྱོད་གཞི་རབ་དང་རིམ་པ་ཞིབ་དཔྱོད་ལས་ཁུངས་སུ་ཞིབ་བཤེར་བྱ་རྒྱུར་རྩིས་སྤྲད་པ་དང་། ཁྲིམས་འགལ་ངང་རྒྱན་པོ་འགྱེད་ཡུལ་བཙུགས་པའི་ངན་ཚོགས་ཀྱི་ཁོངས་མི་21ཞུ་གཏུག་བྱས་པ་དེ་ནི་མཚོ་སྔོན་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འབྲས་བུ་གཞན་ཞིག་རེད།
     གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་ནག་གཤེད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ངན་ཚོགས་ཁྱོན་39རྩ་མེད་བཏང་བ་དང་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཁག་155རྩད་གཅོད་ཐུབ་ནས་ཉེས་གསོག་དོགས་ཅན་253འཛིན་བཟུང་བྱས་པ་རེད། ཉེན་རྟོག་པས་ནག་གཤེད་ཉེས་གསོག་ཐག་ཆོད་པོས་རྩ་མེད་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྤྱི་ཡོངས་རྒྱུན་མཐུད་ཡག་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཉེན་དོན་གནས་ཚུལ་དུས་མཚུངས་ལས་10.85%ཆག་པ་དང་། ཉེས་དོན་དང་། བདེ་འཇགས། འགྲིམ་འགྲུལ་སོགས་ཀྱི་ཉེན་དོན་གནས་ཚུལ་དུས་མཚུངས་ལས་9.59%ཆག་པ་རེད།
      མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ལ་ཐེར་འདོན་གོང་ཞུའི་བྱ་དགའ་སྤྲོད་ཐབས་དང་རིམ་ཁག་ཐེར་འདོན་གོང་ཞུའི་ཁ་པར་ཡོངས་བསྒྲགས་བྱས་པར་ཁྱོན་རིགས་ཁག་གི་ཁུངས་སྣེ་591ཚུར་བསྡུ་བྱས་པའི་ནང་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པའི་ཁུངས་སྣེ་ཁྱོན་178འབྱོར་བ་དང་། སྡེ་ཚན་གཞན་དག་གིས་རྩིས་སྤྲད་པའི་ཁུངས་སྣེ་66ཟིན་པ། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་རང་འགུལ་ངང་གྲལ་བཤེར་དང་གསེད་བཀྲོལ་བྱས་པའི་ཁུངས་སྣེ་347ཟིན་པ་བཅས་རེད།