འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཡང་བསྐྱར་ཇེ་མཐོར་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཡང་བསྐྱར་ཇེ་མཐོར་བཏང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྣུམ་གྲུབ་མའི་རིན་གོང་ལམ་ལུགས་ལ་གཞིགས་ནས། 2018ལོའི་ཟླ་9ཚེས་3ཉིན་གྱི་ཆུ་ཚོད་24:00ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་། ཁྲའེ་སྣུམ་གྱི་རིན་གོང་སོ་སོ་ཏུན་རེར་སྒོར་180དང་སྒོར་170ཡིས་ཡར་འཕར་ཡོད།
     ཐེངས་འདིའི་རིན་གོང་སྙོམ་སྒྲིག་བྱས་རྗེས་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ནི་ཧྲེང་རེ་ལ་སྒོར་ཟུར་1འཕར་ཡོད། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་ལྟར་ན། ཀྲུང་གོ་རྡོ་སྣུམ་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས། ཀྲུང་གོ་རྒྱ་མཚོའི་རྡོ་སྣུམ་བཅས་ཀུང་སི་ཆེན་པོ་གསུམ་གྱིས་སྣུམ་གྲུབ་མའི་ཐོན་སྐྱེད་དང་གཏོང་འདྲེན་རྩ་འཛུགས་ཡག་པོ་བྱས་ཏེ།  ཚོང་རའི་མཁོ་འདོན་བརྟན་པོ་ཡོང་བར་འགན་ལེན་དང་། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་མོ་བྱེད་དགོས།  ས་ཆ་སོ་སོའི་རིན་གོང་དོ་དམ་གཙོ་སྐྱོང་སྡེ་ཁག་གིས་ཁྲོམ་རའི་ལྟ་ཞིབ་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། རྒྱུན་ལྡན་གྱི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས། མཛད་སྤྱོད་པས་12358རིན་གོང་ལྟ་ཞིབ་དོ་དམ་སྟེགས་བུ་བརྒྱུད་དེ་རིན་གོང་སྒྲིག་འགལ་གྱི་བྱ་སྤྱོད་གཏུག་བཤེར་བྱས་ཆོག
༄༅།།རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཡང་བསྐྱར་ཇེ་མཐོར་བཏང་བ།