འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འགོ་ཚུགས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འགོ་ཚུགས།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་རྩེ་མདོ་རུ་འགོ་ཚུགས་ཡོད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ། ཁྲེང་ཏུའུ། ཕན་ཀྲི་ཧྭ། ལུའུ་ཀྲོའུ། མེན་དབྱང་། ལེ་ཧྲན། དབྱི་པིན། ཀོང་ཨན། གཡག་རྔ་གྲོང་ཁྱེར། དེ་བཞིན་དུ་ལྷོ་ནུབ་མི་རིགས་སློབ་ཆེན་དང་། ཁྲེང་ཏུའུ་ལུས་རྩལ་སློབ་གླིང་བཅས་ཁྱོན་བསྡོམས་འཐུས་མི་ཚོགས་པ་14ཡི་ལུས་རྩལ་པ་དང་རྩལ་ཁྲིད་པ་2000ཉེ་བ་ཙམ་སྐབས་འདིའི་འགྲན་བསྡུར་ལ་ཞུགས་ཡོད།
     འགོ་ཚུགས་མཛད་སྒོའི་ཐོག་ཏུ། སི་ཁྲོན་གྱི་ས་ཆ་སོ་སོ་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་ཚོས་མི་རིགས་ཀྱི་རྒྱན་གོས་གྱོན་ནས་གླུ་ལེན་གར་རྩེད་བྱས་ཏེ་ལུས་རྩལ་འགྲན་ཚོགས་ལ་རྟེན་འབྲེལ་ཞུས། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱིས"འདྲ་མཉམ། མཐུན་སྒྲིལ། འབད་བརྩོན། མདུན་སྐྱོད"བཅས་ཀྱི་དགོངས་དོན་བརྩི་སྲུང་བྱས་ནས། གཙོ་བོ་མི་རིགས་ཀྱི་ལུས་རྩལ་འགྲན་བསྡུར་དང་། གཞི་རྒྱ་ཆེ་བའི་མི་རིགས་ཀྱི་ལུས་རྩལ་རིག་གནས་དང་སྒྱུ་རྩལ་འཁྲབ་སྟོན་སོགས་ཡོད་ལ། དེ་མ་ཟད་ཚོགས་ཐོག་ནས་རྒྱལ་ཡོངས་སྐབས་བཅུ་གཅིག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དང་ལུས་རྩལ་པ་གདམ་གསེས་བྱ་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་ཟླ་9ཚེས་9ཉིན་བར་དུ་སྤེལ་རྒྱུ་རེད། 
【1】  【2】  【3】  【4】
༄༅།།སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འགོ་ཚུགས།