འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།གཞིས་རྩེར་ཕྲུ་གུ་དམར་འབྱར་ལ་ནད་གཡོག་མི་དགོས་པའི་བོད་ཀྱི་ནད་ཁང་ཐོག་མ་སྤྱོད་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། བཀག་སྡོམ་རྣམ་པའི་ལོགས་འཇོག་དང་ཆུ་ཚོད་24ཡི་ལྟ་སྐྱོང་ནི་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གསར་དུ་བསྐྲུན་པའི་ཕྲུ་གུ་དམར་འབྱར་ལ་ནད་གཡོག་མི་དགོས་པའི་ནད་ཁང(ICU)ཡི་སྨན་བཅོས་ཞབས་ཞུ་རེད། ནད་ཁང་དེ་ནི་བོད་དུ་སྤྱོད་འགོ་ཚུགས་པའི་ཕྲུ་གུ་དམར་འབྱར་ལ་ནད་གཡོག་མི་དགོས་པའི་ནད་ཁང་ཐོག་མ་ཡིན་པ་དང་ཡུལ་དེ་གའི་ཕྲུ་གུ་དམར་འབྱར་འཆི་ཚད་སྔར་བས་ཉུང་དུ་གཏོང་ཐུབ་རྒྱུ་རེད།
      གསར་འགོད་པས་ཚེས་31ཉིན་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་ཚད་གཞི་ལྟར་བསྐྲུན་པའི་ཕྲུ་གུ་དམར་འབྱར་ལ་ནད་གཡོག་མི་དགོས་པའི་ནད་ཁང་དེར་ཁྱོན་ཁང་མིག་5དང་ཉལ་ཁྲི་36ཡོད་ལ་སྟེང་ཤོད་གཉིས་ཀྱི་ལོགས་འཇོག་ནད་ཁང་དང་། དཔྱང་མདོང་ལྟ་སྲུང་ནད་ཁང་། དུག་སེལ་ཁང་། སྨན་བཅོས་ཁང་། འོ་སྦྱོར་ཁང་། དེ་བཞིན་དྲོད་སྒམ། འོད་སྔོན་སྒམ། ལྟ་སྲུང་ཡོ་བྱད། ཀྲུང་དབྱང་ལྟ་སྐུལ་ཚོད་འཛིན་གྱི་ལས་སྟེགས་སོགས་སྒྲིག་བཀོད་སྒྲིག་ཆས་ཡོད། སྤྱད་ནས་ད་བར་ནད་ཁང་དུ་ཕྲུ་གུ་དམར་འབྱར་570ལ་སྨན་བཅོས་བྱས་ཟིན་པ་དང་། མིག་སྔར་དེ་གར་སྨན་བཅོས་དང་ལེན་བྱེད་བཞིན་པའི་ཕྲུ་གུ་29ཡོད་པ་རེད།
     ཕྲུ་གུ་དམར་འབྱར་ལ་ནད་གཡོག་མི་དགོས་པའི་ནད་ཁང་དུ་བཀག་སྡོམ་རྣམ་པ་དང་། ཚད་ལྡན་ཅན། གོ་རིམ་ཅན། ཚད་གཞི་ཅན་བཅས་ཀྱི་ལྟ་སྲུང་དང་དོ་དམ་བྱེད་ཀྱི་ཡོད་ཅིང་། ཕྲུ་གུ་དམར་འབྱར་ནད་ཁང་དུ་སླེབས་རྗེས་སྨན་བཅོས་ཁང་དང་། བདག་སྐྱོང་། འཚོ་བའི་ཞབས་ཞུ་བཅས་ཚང་མ་ཚད་ལྡན་ཅན་གྱི་གསོ་སྦྱོང་ཐོབ་པའི་སྨན་དོན་མི་སྣ་དང་བདག་སྐྱོང་བས་འགན་འཁུར་གྱི་ཡོད། སྨན་བཅོས་བྱེད་རིང་། བདག་སྐྱོང་མི་སྣས་ད་དུང་ཕྲུ་གུ་དམར་འབྱར་གྱི་ཁྱིམ་བདག་ལ་ངོ་འཕྲད་གསོ་སྦྱོང་བྱས་ཏེ་སྔ་སྐྱེས་ཕྲུ་གུར་བདག་སྐྱོང་ཡང་དག་བྱེད་ལུགས་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་རེད།