འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་31ཉིན།

༄༅།།ལྗང་མདོག་གི་ཡུལ་ཤུལ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་31ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ལྗང་མདོག་གི་ཡུལ་ཤུལ།
        མི་དམངས་དྲ་བའི་འཕྲིན། སྟོན་ཁ་ཤར་བའི་མཚམས་འདིར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་ཐུན་མིན་གྱི་ཡུལ་ལྗོངས་ཤིག་ཡོད་དེ། དེ་ནི་ཡུལ་ཤུལ་གྱི་ས་མཐོའི་མུའུ་སྟོང་གི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞི་ཡིན་ཞིང་། མུའུ་སྟོང་ཅན་གྱི་རྟེན་གཞི་འདིའི་ནང་གི་ལྗོན་ཤིང་གིས་ཡུལ་ཤུལ་སྔར་བས་སྔོ་ལྗང་ཅན་དུ་བསྒྱུར་ཡོད།
         ཡུལ་ཤུལ་ལ་གེགས་རྗེས་བསྐྱར་སྐྲུན་བྱས་པ་ནས་བཟུང་། ལྗོན་བཟང་གསོ་སྤེལ་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་བཏང་ཞིང་། ལྗང་མདོག་གི་སྲུང་ཡོལ་བརྟན་པོ་བཟོ་བ་དང་། ལྗང་མདོག་གི་རྣམ་པ་ཇེ་ལེགས་སུ་གཏོང་བ། ལྗང་མདོག་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཡོད། དེ་སྔ་འཆར་འགོད་བྱས་པའི་བདེ་འགྲོ་ཐང་ཐོན་ལས་གླིང་ཁུལ་དེ་མུའུ་སྟོང་ཅན་གྱི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ས་ཆར་ལེགས་སྒྲིག་བྱས་ཡོད་པ་དང་། རྟེན་གཞིའི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུའུ་2000དང་། གཅིག་སྡུད་ཡུག་སྦྲེལ་ལ་མུའུ་1200། ཁྱོན་བསྡོམས་སྒོར་ཁྲི་3500ཡི་མ་རྩ་བཏང་ནས་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་71དང་། ཤིང་མ་སྡོང་གི་རིགས་ཆུན་པོ་36007བཙུགས་ཡོད།
        ཡུལ་ཤུལ་གྱི་ས་མཐོའི་མུའུ་སྟོང་གི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞིས་ཡུལ་ཤུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐུལ་འདེད་ལེགས་གྲུབ་བྱུང་བའི་དཔེ་མཚོན་གསར་དུ་བསྐྲུན་ཡོད་པ་མ་ཟད། ད་དུང་ཡུལ་ཤུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ནགས་བཟོ་ལྗང་འགྱུར་ལ་འཚམ་པའི་སྡོང་ཕྲུག་སྤུས་ལེགས་མཁོ་འདོན་དང་། སྡོང་ཕྲུག་གི་མ་གནས་དམའ་རུ་གཏོང་བ། སྡོང་ཕྲུག་གསོན་ཚད་ཇེ་མཐོར་བཏང་ཡོད།
【1】  【2】  【3】  【4】
༄༅།།ལྗང་མདོག་གི་ཡུལ་ཤུལ།