གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 08ཚེས་29ཉིན། 15:05】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན་ནི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྤྱན་གཡས་དགོན་པ་ནས་ལོ་གཅིག་དུས་གཅིག་གི་གར་འཆམ་འཁྲབ་གནང་ནས། འགྲོ་བདེ་གནོད་མེད་དང་། བར་ཆད་སེལ་བ་དང་དུས་མཚུངས་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་བཏབ་ཡོད།
སྤྱན་གཡས་དགོན་པར་ཕུ་ཐང་སྤྱན་གཡས་ཞེས་ཀྱང་འབོད། ངག་རྒྱུན་དུ་དགོན་པའི་ནང་དེ་སྔ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་སློབ་གཙོ་གྲས་བཅུའི་ཡ་གྱལ་གཅིག་གི་སྤྱན་གཡས་པ་རྟེན་དུ་ཕུལ་བའི་མཆོད་རྟེན་ཞིག་ཡོད་པ་ལས་མིང་དེ་ལྟར་ཐོགས་པ་རེད། སྤྱན་གཡས་དགོན་པ་ཐོག་མར་བོད་བརྒྱུད་ནང་བསྟན་གྱི་ཀརྨ་བཀའ་བརྒྱུད་ཡིན་པ་དང་། རྗེས་སུ་དགེ་ལུགས་ལ་བསྒྱུར་བ་ནས་ད་བར་དགེ་ལུགས་པ་རེད།
【1】
【2】
【3】
【4】
【5】
【6】
【7】