འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་29ཉིན།

༄༅།།མངའ་རིས་ཀྱི་རི་བསྐོར་དང་མཚོ་བསྐོར་གྱི་བྱེས་བགྲོད་འགྲན་བསྡུར་སྐབས་དང་པོ་གངས་རིན་པོ་ཆེའི་གཤམ་དུ་འགོ་ཚུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་29ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།མངའ་རིས་ཀྱི་རི་བསྐོར་དང་མཚོ་བསྐོར་གྱི་བྱེས་བགྲོད་འགྲན་བསྡུར་སྐབས་དང་པོ་གངས་རིན་པོ་ཆེའི་གཤམ་དུ་འགོ་ཚུགས་རྒྱུ་ཡིན་པ།
       མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ། པེ་ཅིང་ཀུ་ཤུ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་2018ལོའི་མངའ་རིས་ཀྱི་རི་བསྐོར་དང་མཚོ་བསྐོར་གྱི་བྱེས་བགྲོད་འགྲན་སློང་འགྲན་བསྡུར་སྐབས་དང་པོ་དང་གངས་རིན་པོ་ཆེའི་སྤྱི་ཕན་རི་བསྐོར་བྱེད་སྒོ་སྐབས་བརྒྱད་པ་ཟླ་9ཚེས་7ཉིན་བོད་ལྗོངས་མངའ་རིས་དར་ཆེན་གྲོང་རྡལ་དུ་འཚོགས་རྒྱུ་རེད།
         ད་ཐེངས་ཀྱི་བྱེད་སྒོས་བོད་ལྗོངས་ཀྱི་ལུས་རྩལ་ཐོན་ལས“ལྟེ་བ་གཅིག་དང་། ས་རྒྱུད་གཉིས། རོགས་འདེགས་བཞིའི”འཕེལ་རྒྱས་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས། མངའ་རིས་ས་ཁུལ་གྱི་ཐུན་མིན་གྱི་རི་བོ་དང་། མཚོ་སོགས་རང་བྱུང་ཐོན་ཁུངས་ཀྱི་བཟང་ཆར་བརྟེན་པ་དང་ཕྱི་རོལ་དུ་སྤེལ་བའི་ལུས་རྩལ་སྤུས་རྟགས་ཀྱི་འགྲན་བསྡུར་སྐྱེད་སྲིང་ཡོང་བ་བྱས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཕྱི་རོལ་དུ་སྤེལ་བའི་ལུས་རྩལ་ཐོན་ལས་དང་། བོད་ལྗོངས་ཀྱི་ལུས་རྩལ་ཐོན་ལས་དེ་བས་ལེགས་ལ་མགྱོགས་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།