འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་29ཉིན།

༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་2018ལོའི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས། སྙན་ངག་གཅིག་ཀློག་ཅེས་
པའི་སྐད་གཉིས་སྙན་ངག་གྱེར་འདོན་གྱི་བསྡུ་ལེན་བྱེད་སྒོ་འགོ་བརྩམས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་29ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་2018ལོའི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས། སྙན་ངག་གཅིག་ཀློག་ཅེས་
པའི་སྐད་གཉིས་སྙན་ངག་གྱེར་འདོན་གྱི་བསྡུ་ལེན་བྱེད་སྒོ་འགོ་བརྩམས།
                                                       སྙན་ངག་ནི་སྐབས་རེར་རྒྱལ་གཅེས་ཀྱི་དུང་ཞེན་ཆེན་པོ་ཞིག་སྟེ། དཔེར་ན་ཨའེ་ཆིན་གྱི་ཡུལ་ཁམས་འདི་ལ་གཅེས་ལྟ་བུ།
                                                       སྙན་ངག་ནི་སྐབས་རེར་རླབས་ཆེན་གྱི་བརྩེ་བ་ཞིག་སྟེ། དཔེར་ན་ལུའུ་ཡོན་གྱི་རྒྱལ་ཁམས་པའི་གད་རྒྱང་ལྟ་བུ།
                                                       སྙན་ངག་ནི་སྐབས་རེར་ལང་ཚོའི་བསྟོད་གླུ་ཞིག་སྟེ། དཔེར་ན་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ལྟ་བུ།
                                                       སྙན་ངག་ནི་སྐབས་རེར་ལྷད་མེད་ཀྱི་བརྩེ་དུང་ཞིག་སྟེ། དཔེར་ན་ཧྲུའུ་ཐིན་གྱི་ཞཱང་སྡོང་ལ་སྤྲིངས་པ་ལྟ་བུ།
                                                       སྙན་ངག་ནི་སྐབས་རེར་ཕ་ཡུལ་གྱི་དྲན་གདུང་ཞིག་སྟེ། དཔེར་ན་ལི་པེ་ཡི་མཚན་མོའི་དྲན་གདུང་ལྟ་བུ།
                                                                                                                                  ་་་་་་་
     ད་ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་2018ལོའི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས་ཐོགང་ཚོས་སྙན་ངག་གཅིག་ཀློག་ཅེས་པའི་སྐད་གཉིས་སྙན་ངག་གྱེར་འདོན་གྱི་བསྡུ་ལེན་བྱེད་སྒོ་སྤེལ་ནས། རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་ལ་དགའ་བའི་གྲོགས་པོ་འཚོལ་བཞིན་ཡོད།ཁྱེད་ཀྱི་སྐད་ངག་ལས་ཐོན་པའི་སྙན་ངག་གྱེར་འདོན་རེ་རེ་ཡིས།ཁྱེད་དང་སྙན་ངག་གི་གཏམ་རྒྱུད་བརྗོད་པར་བྱེད།
     གལ་ཏེ་ཁྱེད་ཉིད་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་ལ་དུང་བ་ཟབ་ན། ང་ཚོའི་སྟོན་ཚོགས་ལ་ཞུགས་རོགས།
     རིམ་པ་དང་པོ། སྒྲ་དང་བརྙན་ཕབ་ལེན།
     ཁ་པར་དང་གཞན་པའི་ཐོག་ནས་སྐར་མ་2དང་སྐར་ཆ་30ནང་ཚུན་གྱི་སྙན་ངག་གྱེར་འདོན་གྱི་སྒྲ་དང་བརྙན་ཕབ་དགོས། སྙན་ངག་གི་རྩོམ་ལུས་ལ་ཚད་བཀག་མེད་ལ། རྒྱ་བོད་གཉིས་ཀའི་སྙན་ངག་ཡིན་ཆོགནང་དོན་ནི་ཀུན་ལ་ཕན་ཞིང་ཡིད་དབང་འགུག་པ་དང་། གྱེར་འདོན་བྱེད་སྐབས་སྒྲ་གདངས་དག་ཅིང་གསལ་བ། སྙན་ངག་གྱེར་འདོན་གྱི་དབྱངས་རྟ་དང་འགྱུར་ཁུག་ལྡན་པའི་འཁྲབ་སྟོན་ཆ་ཚང་བ་ཞིག་ཡིན་དགོས།
     གོ་རིམ་གཉིས་པ། དྲ་ཐོག་ཐོ་འགོད།
     ཁྱེད་ཅག་གིས་ཁམས་པའི་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་དང་ཁམས་པའི་བརྙན་འཕྲིན་ཁང་གི་དྲ་བ(www.kangbatv.com)། བོད་ཡུལ་ཀུན་གསལ་སྣང་མཛོད་ཀྱི་མགྲོན་སྣེ་བཅས་བརྒྱུད་ནས་སྙན་ངག་གཅིག་ཀློག་ཅེས་པའི་སྐད་གཉིས་སྙན་ངག་གྱེར་འདོན་བྱེད་སྒོའི་དྲ་ངོས་སུ་ཞུགས་ཏེ་མིང་ཐོ་འགོད་དགོས། དྲ་ཐོག་ཏུ་འགོད་པའི་སྒྲ་དང་བརྙན་ལ་ཆ་རྐྱེན་འདི་དག་ཚང་དགོས་ཏེ། སྒྲ་ལམ་mp3དང་གཟུགས་ལམ་mp4། ཆེ་ཆུང་200Mལས་བརྒལ་མི་རུང་།
     སྙན་ངག་གཅིག་ཀློག་ཅེས་པའི་སྐད་གཉིས་སྙན་ངག་གྱེར་འདོན་བསྡུ་ལེན་བྱེད་སྒོའི་དྲ་བའི་སྦྲེལ་སྣེ་http://2018sysg.kangbatv.com/ལ་གནོན་ནས་བྱེད་སྒོར་ཞུགས་ཆོག
     གོམ་པ་གསུམ་པ། མོས་བསྟོད་མཉམ་སྤྱོད།
     དྲ་ཐོག་ཏུ་བཀོད་པའི་སྙན་ངག་གྱེར་འདོན་ལ་ཞིབ་བཤེར་བྱས་རྗེས་འགྲེམ་གཏོང་བྱ་རྒྱུ་རེད། ང་ཚོས་ཕུལ་བྱུང་བརྩམས་ཆོས་༥༠བདམས་ནས་འགྲེམ་གཏོང་བྱེད་པ་མ་ཟད། དྲ་གྲོགས་ཚོས་དཔྱད་བརྗོད་སྤེལ་ནས་མོས་བསྟོད་བྱེད་ཆོག དེ་ལས་སྙན་ངག་གང་རུང་བདམས་ནས་ལྟ་ཀློག་བྱས་རྗེས་རང་ཉིད་དགའ་ན་མོས་བསྟོད་དང་མཉམ་སྤྱོད་བྱེད་ཆོགའཚོལ་སྡུད་བྱེད་སྒོ་མཇུག་སྒྲིལ་རྗེས། མོས་བསྟོད་ཐོབ་པ་ཆེས་མང་བའི་འགྲན་ཞུགས་པ་10ལ་2018ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་འགྲན་ཚོགས་ཀྱི་བརྙན་འཕྲིན་སྙན་ངག་སྟོན་ཚོགས་ཀྱི་ཕབ་བསྐྲུན་ནང་ཞུགས་པའི་གོ་སྐབས་ཡོད།
     གལ་ཏེ་ཁྱེད་ཉིད་སྙན་ངག་གྱེར་འདོན་ལ་དུང་ཞེན་ཆེན་པོ་ཡོད་ན། འདི་ནི་གོ་སྐབས་ཆེན་པོ་ཞིག་ཡིན་པས། ང་ཚོའི་བྱེད་སྒོ་འདི་ལ་ཞུགས་རོགས། ང་དང་ཁྱེད་ཀྱི་སྐད་ངག་སྙན་མོས་རྒྱ་བོད་སྐད་གཉིས་ཀྱི་རིག་གནས་དར་སྤེལ་གཏོང་ཐུབ།
     ཁམས་པའི་བརྙན་འཕྲིན་ཁང་གི་2018ལོའི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས་ཀྱི་དྲ་ཐོག་འགྲན་བསྡུར་གསུམ་ལ་ཁམས་པའི་བརྙན་འཕྲིན་ཁང་གི་དྲ་བ་དང་། བོད་ཡུལ་ཀུན་གསལ་སྣང་མཛོད་ཀྱི་མགྲོན་སྣེ། ཁམས་པའི་བརྙན་འཕྲིན་ཁང་གི་སྐད་འཕྲིན་སྤྱི་སྟེགས་བཅས་སུ་བྱེད་སྒོའི་དྲ་ངོས་བཙུགས་ཡོད། བྱེད་སྒོའི་དྲ་བའི་སྦྲེལ་སྣེ་http://2018sgdh.kangbatv.comལ་གནོན་པའམ་ཚད་གཉིས་ཨང་རྟགས་བཤེར་ནས་དྲ་བའི་འགྲན་ཁུལ་ལ་ཞུགས་ཏེ། 2018ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས་ལ་ཞུགས་ཆོག ཤམ་བྷ་ལ་ཆ་འཕྲིན་ལས་དྲངས། 
༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་2018ལོའི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས། སྙན་ངག་གཅིག་ཀློག་ཅེས་
པའི་སྐད་གཉིས་སྙན་ངག་གྱེར་འདོན་གྱི་བསྡུ་ལེན་བྱེད་སྒོ་འགོ་བརྩམས།