འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།ཡུན་ནན་གྱིས་རྒན་རྒོན་གྱི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་རྒྱ་ཆེར་གཏོང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
       མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་ཉིན་ཤས་གོང་《རྒན་རྒོན་གྱི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཀྲམ་སྟེ་རྒན་རྒོན་གྱི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་རྒྱ་ཆེར་གཏོང་རྒྱུ་དང་། “དྲ་སྦྲེལ+རྒན་རྒོན་གྱི་སློབ་གསོ”ལག་བསྟར་ལ་སྐུལ་འདེད། “རྒན་གསོ་དང་སློབ་གསོ་ཟུང་འབྲེལ”གྱི་རྣམ་པ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ་རྒན་རྒོན་གྱི་སློབ་གསོའི་རྨང་གཞིའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
      ཡིག་ཆའི་ནང་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་རྒན་རྒོན་གྱི་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་དགོས་ཤིང་། རྒན་རྒོན་གྱི་སློབ་གསོ་སྡེ་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་གཙོ་གནད་དུ་བརྩིས་ཏེ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་རྒན་རྒོན་གྱི་སློབ་གསོ་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྡེ་ཁུལ་གྱི་རྒན་རྒོན་གྱི་སློབ་གསོའི་དྲ་རྒྱ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་རྒན་རྒོན་སློབ་གྲྭའི་ཁོར་ཡུག་དང་། སྒྲིག་ཆས། དཔུང་ཁག་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་འཇོན་ཐང་ཆེ་རུ་བཏང་ནས་དཔེ་སྟོན་གྱི་རྒན་རྒོན་སློབ་གྲྭ་ཁག་གཅིག་སྐྲུན་དགོས་པ་གསལ་སྟོན་བྱས་ཡོད།
      ཡིག་ཆའི་ནང་ཡུན་ནན་གྱི་རྒན་རྒོན་གྱི་སློབ་གསོའི་དྲ་རྒྱའི་སློབ་སྦྱོང་ལས་སྟེགས་རིམ་བཞིན་སྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་ཐབས་ལ་བརྟེན་ནས་རྒན་རྒོན་ལ་སློབ་གསོ་གཏོང་བ་དང་། རྒན་རྒོན་གྱི་སློབ་གསོ་ཐེབས་རྒྱ་ཆེ་རུ་གཏོང་བ་དང་ཆབས་ཅིག་ཀྲོའུ(གྲོང་ཁྱེར)དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིར་རིམ་བཞིན་ཁྱབ་གདལ་གཏོང་དགོས། རྒན་རྒོན་ལ་འཚམ་པའི་རྒྱང་ཁྲིད་སློབ་སྦྱོང་གི་གྲངས་འཛིན་ཅན་གྱི་ཐོན་ཁུངས་གསར་སྤེལ་བྱས་ཏེ་ཆ་འཕྲིན་ལག་རྩལ་རྒན་རྒོན་གྱི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།