འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་24ཉིན།

༄༅།།མཛེས་སྡུག་ལྡན་པའི་ཆབ་མདོའི་མཚན་ལྗོངས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་24ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།མཛེས་སྡུག་ལྡན་པའི་ཆབ་མདོའི་མཚན་ལྗོངས།
        མི་དམངས་དྲ་བའི་འཕྲིན། དཔལ་འབྱོར་དང་། ས་ཁམས། འགྲིམ་འགྲུལ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ལོ་འགའི་སྔོན་དུ་ཆབ་མདོ་གྲོང་ཁྱེར་གྱི་འཛུགས་སྐྲུན་འཕེལ་རྒྱས་མགྱོགས་པོ་མེད།  2011ལོའི་ལོ་མཇུག་བར་གྲོང་ཁུལ་གྱི་ས་ཁྱོན་སྤྱི་ལེ་ངོས་གྲུ་4.6ལས་མེད་པའི་ཁར་གྲོང་ཁུལ་རྙིང་པ་80%ལ་སྒྱུར་བཀོད་ཐུབ་མེད། གྲོང་ཁུལ་རྙིང་པས་གྲོང་མིའི་རྒྱུན་གཏན་འཚོ་བར་ཤུགས་རྐྱེན་བཟོ་བ་མ་ཟད་ཆབ་མདོ་གྲོང་ཁྱེར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་རྒྱུར་ཚད་བཀག་བཟོས་ཡོད། ཆབ་མདོའི་གྲོང་ཁུལ་རྙིང་པའི་མངོན་གསལ་དོད་པའི་གནད་དོན་དག་ཐག་གཅོད་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་བརྟག་དཔྱད་ཡང་ཡང་བྱས་པ་བརྒྱུད་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་པའི་ཁར“སྲིད་གཞུང་གི་གཙོ་ཁྲིད་དང་། ཚོང་རའི་འཁོར་རྒྱུག་”བྱེད་སྟངས་སྤྱད་པ་དང།  རྒྱལ་ཁབ་ཀྱི་མ་དངུལ་དང་བོད་སྐྱོར་མ་དངུལ། དངུལ་བུན་མ་རྩ་མཉམ་འདུ།   དམངས་ཁྲོད་ཀྱི་མ་འཇོག་སོགས་ཀྱི་ཐབས་ལམ་བརྒྱུད་ནས་མ་དངུལ་བསྡུ་སྒྲིལ་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་70གྲབས་གསོག་བྱས་ནས་2012ལོའི་ཟླ་4པར་ཆབ་མདོའི་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱས་པ་རེད། ད་ཆའི་ཆབ་མདོ་ནི་དེ་སྔའི་རྙིང་ཧྲུལ་གྱི་རྣམ་པ་མཐོང་རྒྱུ་མེད་པར། “བཟོ་ལས་དར་བ་དང་།  ཚོང་དོན་དར་རྒྱས། བཀོད་པ་ལུགས་མཐུན།  ཆ་འགྲིག་སྣ་འཛོམས།  ནུས་པ་ཚང་བ། ཁོར་ཡུག་སྐྱིད་པ”བཅས་ཀྱི་བོད་ཤར་གྲོང་ཁྱེར་གསར་པའི་རྣམ་པའི་ཐོག་ནས་མི་རྣམས་ཀྱི་མིག་མདུན་དུ་མངོན་བཞིན་ཡོད།
【1】  【2】  【3】
༄༅།།མཛེས་སྡུག་ལྡན་པའི་ཆབ་མདོའི་མཚན་ལྗོངས།