འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་24ཉིན།

༄༅།།ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཀ་ཤུལ་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་ལ་བལྟ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་24ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཀ་ཤུལ་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་ལ་བལྟ།
          མི་དམངས་དྲ་བའི་འཕྲིན། ཀ་ཤུལ་གྲོང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་དུ་ཡོད་ཅིང་། “རྣམ་པར་བཀྲ་བའི་ཤམ་བྷ་ལ”ཞེས་སུ་གྲགས་པའི་ཀན་ལྷོ་ཁུལ་གྱི་མུ་ཏིག་ལྟ་བུ་ཞིག་ཡིན། ཀ་ཤུལ་གྲོང་ཚོ་ནི་ཀན་ལྷོ་ཁུལ་གྱི་ “ཁུལ་ཡོངས་ཡུལ་སྐོར་ལ་གད་སྙིགས་མེད་པའི་དཔེ་སྟོན་གྲོང་ཚོ” ཁག་དང་པོ་ཡིན་པ་དང་། གྲལ་སྟར་འགྲིག་པའི་བོད་ཀྱི་གྲོང་མིའི་སྡོད་ཁང་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་བཟོའི་སྒོ་ཆེན། གཙང་ཞིང་ཤར་བགྲོད་ཐུབ་པའི་གྲོང་གསེབ་ཀྱི་ཨར་འདམ་འགྲོ་ལམ། གྲལ་འགྲིག་པའི་སྤྲོ་གསེང་ཐང་ཆེན། དེ་དག་ཀུན་ལས་བོད་ཁུལ་གྱི་ཉམས་འགྱུར་ཟབ་མོ་དང་དབྱར་མཚོ་ལྟར་རྒྱས་པའི་འཕེལ་རྒྱས་སུ་འགྲོ་བའི་གསོན་ཤུགས་མངོན་བཞིན་ཡོད།
           ཀ་ཤུལ་གྲོང་ཚོའི་ཡུལ་སྐོར་སྦྲ་གུར་སྒར་སས་ཡུལ་སྐོར་ཐོན་ཁུངས་དེ་རྒྱུ་ནོར་མ་རྐང་དུ་བཞག་པའི་མཛེས་ལྗོངས་ཁུལ་དུ་བསྒྱུར་ཡོད་ཅིང་། སྦྲ་གུར་གྲོང་དུ་ཁྱོན་བསྡོམས་སྦྲ་གུར་108ཡོད་ཅིང་། དཀའ་ངལ་ཡོད་པའི་དུད་ཚང་82ཀྱི་མ་རྐང་རེ་རེ་བཞག་ཡོད་ལ་མ་རྐང་རེར་སྒོར་15000ཡིན། ཀ་ཤུལ་གྲོང་ཚོའི་ཐུན་མོང་གི་ས་ཐོག་ལ་སྦྲ་གུར་གྲོང་ཆགས་པ་དང་། སྦྲ་གུར་ གྲོང་གི་སྤྱི་པའི་སྒྲིག་བཀོད་ཚང་མ་སྲིད་གཞུང་གིས་མ་དངུལ་བཏང་ནས། མཐར་ཁེ་འབབ་བགོ་བའི་བསྡུར་ཚད“334”ཡི་རྣམ་པ་སྟེ། ཐུན་མོང་དཔལ་འབྱོར་ལ་30%དང་། སྤྱིར་བཏང་གི་དུད་ཚང་ལ་30%  དུད་ཚང་དབུལ་པོ་ལ་40%བཅས་བྱས་ནས་ཁེ་འབབ་བགོས་པ་རེད།
         2017ལོར། ཀ་ཤུལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་30ལ་སྣེ་ལེན་ཞུས་པ་དང་། ད་ལོའི་ལོ་སྟོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་15.46ལ་སྣེ་ལེན་ཞུས་ཡོད། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་2016ལོའི་སྒོར་6700ནས་2017ལོའི་སྒོར་9192བར་འཕར་ཡོད་ཅིང་། འཕར་ཚད་30%ཡན་ཟིན་ཡོད།
        ཀ་ཤུལ་གྲོང་ཚོས“རྩལ་ནུས་གསོ་སྦྱོང་དང་ཏང་ཡོན་གྱིས་སྣེ་ཁྲིད། མང་ཚོགས་ཀྱིས་འཛུགས་གཉེར”གྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་ཐུབ་ནས། “ཡུལ་སྐོར་དང་ལྟ་སྐོར། རོལ་རྩེད། བཟའ་བཏུང་། ཞག་སྡོད། ཚོང་ཟོག་ཉོ་བ”བཅས་གཞི་གཅིག་ཅན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཐག་ཆགས་ཡོད། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་སྒོ་འབྱེད་ལེགས་སྒྱུར་གྱི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་པ་དང་། ལྗང་མདོག་ཐོན་ལས་སྐྱེད་སྲིང་དང་དར་སྤེལ་གྱི་བརྒྱུད་རིམ་ཁྲོད་མཉམ་དུ་ཕྱུག་འགྱུར་ཡོང་བའི་འགྲོ་ལམ་དུ་བསྐྱོད་ཡོད།
【1】  【2】  【3】  【4】
༄༅།།ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཀ་ཤུལ་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་ལ་བལྟ།