འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་23ཉིན།

༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐེངས་གསུམ་གྱི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་23ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐེངས་གསུམ་གྱི་སྐོར་བཀོད་པ།
        མི་དམངས་དྲ་བའི་འཕྲིན། དབྱར་དུས་ཀྱི་བོད་ལྗོངས་ལྷོ་ཁར་ནམ་མཁའ་གཡའ་དག་ཞིང་སྤྲིན་དཀར་ཚོམ་བུ་གཡོ་བཞིན། སྔོ་ལྗང་ཤིང་སྣའི་གོས་ཀྱིས་ཀླུབས་ཡོད། རྩྭ་ས་དང་འགོག་སྲུང་ནགས་ཚལ་རེ་རེ་དྲ་མིག་ཅན་གྱི་བྱེ་ཐང་སྐྱེས་དངོས་དང་འབྲེལ་ནས་བྱེ་ཐང་མི་མངོན་པར་བྱས། ཞེང་ཚད་ལ་སྨི་1800ལྷག་ཙམ་དང་། སྤྱི་ལེ་160མུ་འབྲེལ་ནས་ཆགས་པའི་རྒྱ་ཁྱོན་ལ་མུའུ་ཁྲི་45ཡོད་པའི“ལྗང་མདོག་གི་ལྕགས་རི་རིང་པོས”ཡར་ཀླུང་གཙང་པོ་སྲུང་བཞིན་ཡོད།
        འོན་ཀྱང་། ལོ་ངོ་40ཡི་སྔོན་དུ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ནི་རྣམ་པ་གཞན་ཞིག་སྟེ། བྱེ་ཐང་གིས་ཁེངས་ཞིང་། ལོ་ལྟར་གྱི་དགུན་ཁ་དང་དཔྱིད་ཀའི་དུས་སུ“རླུང་བུ་ཆེན་པོ་རྒྱག་སྐབས། བྱེ་མས་གྲིབ་ཀྱི་ཡོད”
       བསྒྱུར་བཅོས་སྒོ་དབྱེའི་ཤར་རླུང་གིས་ལྷོ་ཁའི་ལས་བྱེད་པ་དང་མང་ཚོགས་ལ་རང་བྱུང་ཁོར་ཡུག་ཞན་པོར་འགྱུར་ལྡོག་གཏོང་རྒྱུའི་སྐུལ་མ་ཐེབས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུའི་ངར་ཤུགས་སྐྱེས་།  བྱེ་བཅོས་པ་མི་རབས་འགའི་དཀའ་སྤྱད་འབད་བརྩོན་དང་།  གསར་གཏོད་འཚོལ་ཞིབ་།  སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱིས་"འཛམ་གླིང་ཡང་རྩེར”བྱེ་བཅོས་ཀྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན་ཡོད།
【1】  【2】  【3】  【4】  【5】
༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐེངས་གསུམ་གྱི་སྐོར་བཀོད་པ།