འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་23ཉིན།

༄༅།།“རྐང་འཁོར་བཞོན་ནས་མཁའ་ལམ་སྒྲོལ”བའི་ས་བབ་མཐོ་བའི་རྐང་འཁོར་འགྲན་བསྡུར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་23ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། 2018ལོའི“རྐང་འཁོར་བཞོན་ནས་མཁའ་ལམ་སྒྲོལ”བའི་ས་བབ་མཐོ་བའི་རྐང་འཁོར་འགྲན་བསྡུར་ཉིན་ཤས་གོང་འགོ་ཚུགས་པ་རེད།
          2015ལོར་བཙུགས་པའི“རྐང་འཁོར་བཞོན་ནས་མཁའ་ལམ་སྒྲོལ”བའི་འགྲན་བསྡུར་ནི་རྒྱལ་ལམ་318འགྲན་ལམ་གཙོ་བོར་བྱེད་པའི་ས་བབ་མཐོ་བའི་གཞུང་ལམ་རྐང་འཁོར་འགྲན་པའི་འགྲན་བསྡུར་ཞིག་རེད། འགྲན་བསྡུར་ལ་ཞུགས་མཁན་སྔོན་ལ་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་ལ་ཞུགས་དགོས་པ་དང་། བདམས་ཐོན་བྱུང་རྗེས་གཞི་ནས་ས་བབ་མཐོ་བའི་གཞུང་ལམ་འགྲན་བསྡུར་ལ་ཞུགས་ཆོག་གི་ཡོད།
         2018ལོའི་རྐང་འཁོར་འགྲན་བསྡུར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང“རྐང་འཁོར་བཞོན་ནས་མཁའ་ལམ་སྒྲོལ”བའི་འགྲན་བསྡུར་གསར་གཏོད་རུ་ཁག་ཀོང་ཀྲོའུ་ལཱང་ཐུའུ་ལུས་རྩལ་གྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་འཇར་མན་ཁང་ཕྱིའི་སྤུས་རྟགས་VAUDEཡིས་ལོ་བཞི་བསྟུད་མར་འགྲན་བསྡུར་ལ་རོགས་རམ་བྱས་ཡོད། འགྲན་བསྡུར་གྱི་ནང་དོན་འདི་ལོར་ཕྱོགས་ཡོངས་ནས་རིམ་པ་སྤོར་རྒྱུ་དང་རྒྱལ་ལམ་318ཀྱི་ལམ་ཐིག་གཙོ་བོ་ཕུད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནས་འགོ་བཙུགས་ཏེ་བོད་ནང་ཁུལ་གྱི་ལུས་རྩལ་དང་ཡུལ་སྐོར་རིག་གནས་བྱེད་སྒོ་དང་མཉམ་འདྲེས་བྱས་ཏེ་བོད་ཀྱི་ལུས་རྩལ་སྤུས་རྟགས་འགྲན་བསྡུར་གཏོད་རྒྱུ་ཡིན་པ་རེད།