འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་23ཉིན།

༄༅།།ཡུན་ནན་གྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་བཟོ་རྩལ་གྱི་གྲགས་ཅན་སྤུས་
རྟགས་10སྐྱེད་སྲིང་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་23ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་རིག་གནས་ཐིང་དང་། ཞིང་ཆེན་བཟོ་འཕྲིན་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས་ཉིན་ཤས་གོང་《ཡུན་ནན་ཞིང་ཆེན་གྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བའི་བྱ་སྤྱོད་འཆར་གཞི་》(གཤམ་ལ་《འཆར་གཞི་》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ནས་ཞིང་ཆེན་རིམ་པའི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བའི་དཀར་ཆག་30ཁྱབ་བསྒྲགས་བྱས་ཏེ་2020ལོར་སླེབས་སྐབས་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བའི་དཀར་ཆག་14ཡན་དང་སྲོལ་རྒྱུན་བཟོ་རྩལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་20ཡན་ཟིན་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
     《འཆར་གཞིའི་》ནང་བླང་བྱ་བཏོན་དོན། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་རྨང་གཞིར་བྱས་ཏེ་སྲོལ་རྒྱུན་གྱི་རྨང་གཞི་དང་ཐོན་སྐྱེད་ཀྱི་གཞི་ཁྱོན་ངེས་ཅན་ལྡན་པ་དང་། འཕེལ་རྒྱས་ཀྱི་མདུན་ལམ་ཡོད་པ། ལས་ཞུགས་ལ་སྣེ་ཁྲིད་དང་གནད་སྨིན་དབུལ་སྐྱོར་ལ་ཕན་པ་ལྡན་པའི་སྲོལ་རྒྱུན་གྱི་བཟོ་རྩལ་རྣམ་གྲངས་ལ་ཞིང་ཆེན་རིམ་པའི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བའི་དཀར་ཆག་བཟོ་དགོས། སྲོལ་རྒྱུན་བཟོ་རྩལ་གྱི་རྒྱུན་འཛིན་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་སྲོལ་རྒྱུན་བཟོ་རྩལ་གྱི་རྒྱུན་འཛིན་མི་ཚོགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་སྲོལ་རྒྱུན་བཟོ་རྩལ་གྱི་འབྲེལ་ཡོད་ཚན་ཁག་དང་ཆེད་ལས་འཛུགས་སྐྱོང་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས།