འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།“ཏང་འཛུགས་སྐྱོང་དང་དབུལ་སྐྱོར”ཟུང་དུ་སྦྲེལ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་ཧོ་པེ་ཞིང་ཆེན་ནན་ཧོ་རྫོང་གིས་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གིས་གྲོང་གསེབ་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང“གྲོང་གསེབ་ཀྱི་ཏང་ཀྲི་པུའུ་+ཀུང་སི་+མཉམ་ལས་ཁང་+ཞིང་དུད”བཅས་ཀྱི་ཏང་འཛུགས་སྐྱོང་གི་དབུལ་སྐྱོར་དཔེ་དབྱིབས་ཁྱབ་གདལ་བཏང་སྟེ་ཁྱད་ལྡན་ཐོན་ལས་དམ་འཛིན་བྱེད་གཞིར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་རེད། མིག་སྔར་ནན་ཧོ་རྫོང་གི་གྲོང་ཚོ་136ལ་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་གྱི་དཔེ་དབྱིབས་དེ་རིགས་བཙུགས་པ་དང་མང་ཚོགས་དབུལ་པོ་4700ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། གོང་གི་པར་རིས་ནི་ཟླ་8ཚེས་16ཉིན་ཧོ་པེ་ཞིང་ཆེན་ནན་ཧོ་རྫོང་ཧྲེ་ཀྲའོ་ཤང་གི་གྲོང་སྡོད་ཏང་ཡོན་ཝང་རུའེ(གཡོན་གྱི་དང་པོ)དང་ཀྲང་ཉིང(གཡས་ཀྱི་དང་པོ)གིས་པེ་ཀའོ་གྲོང་ཚོ་གཉིས་པར་ཞིང་དུད་དང་མཉམ་དུ་རྒུན་འབྲུམ་གྱི་སྐྱེ་འཚར་ལ་ལྟ་བའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།