འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་གྱི་དབྱར་གསེང་འགྲུལ་སྐྱེལ་བྱེད་ཚད་ལོ་12རིང་མཐོ་ཤོས་སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་13ཉིན་བར་མཚོ་བོད་ལྕགས་ལམ་ཀུང་སིས་འདི་ལོའི་དབྱར་གསེང་རིང་འགྲུལ་པ་མི་ཐེངས་ཁྲི་286.2དབོར་འདྲེན་བྱས་ཡོད་པ་དང་ཟླ་8ཚེས་10ཉིན་ཁོ་ནར་འགྲུལ་པ་མི་ཐེངས་ཁྲི་8.4དབོར་འདྲེན་བྱས་ཡོད་པ་དེ་གཉིས་ཀས་མཚོ་བོད་ལྕགས་ལམ་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན་གྱི་ལོ་12རིང་གི་དབྱར་གསེང་འགྲུལ་སྐྱེལ་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་7ཚེས་1ཉིན་ནས་བཟུང་དབྱར་གསེང་གི་འགྲུལ་སྐྱེལ་བྱེད་འགོ་ཚུགས་པ་དང་ཟླ་8ཚེས་31ཉིན་མཇུག་འགྲིལ་རྒྱུ་རེད། དབྱར་གསེང་གི་འགྲུལ་སྐྱེལ་དམིགས་ས་གཙོ་བོ་ནི་ཤིས་ཨན་དང་། པེ་ཅིང་། ཧྲང་ཧའེ། ལྷ་ས་སོགས་གྲོང་ཁྱེར་ཡིན་པ་རེད། 
          བོད་ལྗོངས་སུ་ཡོང་མཁན་འགྲུལ་པ་མང་བའི་གནོན་ཤུགས་སེལ་ཆེད་མཚོ་བོད་ལྕགས་ལམ་ཀུང་སིས་བོད་ལྗོངས་ནས་འགྲོ་འོང་བྱེད་མཁན་མེ་འཁོར་ཟི་ལིང་མེ་འཁོར་བབས་ཚུགས་སུ་མེ་འཁོར་བརྗེ་པོ་རྒྱག་པའི་བྱ་ཐབས་བརྒྱུད་གསོ་རླུང་རྔུབ་ཆོག་པའི་ཁ་གྲངས་གཏན་འཁེལ་གྱི་མེ་འཁོར་ཟི་ལིང་ནས་ལྷ་སའི་བར་བཏང་བ་དང་བོད་དུ་ཡོང་མཁན་འགྲུལ་པའི་མེ་འཁོར་ཐེངས་གྲངས་མང་དུ་བཏང་བས་ཉིན་རེར་བོད་ནས་འགྲོ་འོང་བྱེད་པའི་མེ་འཁོར་ཆ་བདུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།