འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས“དགེ་འོས་སློབ་མའི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས”དེ
    “དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོའི་སྲིད་ཇུས”ལ་ལེགས་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉིན་ཤས་གོང་སློབ་གསོ་པུའུ་སོགས་སྡེ་ཚན་གྱི་《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱ་ཐབས་》བརྒྱུད་སྤེལ་བྱས་པ་རེད། སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་ཚེས་10ཉིན་བྱ་ཐབས་དེས་པུའུ་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ལ་གོ་རིམ་ལྡན་ཞིང་ཕྱོགས་ཡོངས་ནས་གཏན་འབེབས་བྱས་ཏེ“དགེ་འོས་སློབ་མའི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས”དེ“དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོའི་སྲིད་ཇུས”ལ་ལེགས་སྒྲིག་བྱ་རྒྱུ་རེད།
           བྱ་ཐབས་ལ་གཞིགས་ན། རྒྱལ་ཁབ་ཀྱི་གཞུང་གྲོན་དགེ་འོས་སློབ་མར་སློབ་ཡོན་དང་། ཞག་སྡོད་གྲོན་དངུལ། འཚོ་བའི་ཁ་གསབ་གྲོན་དངུལ་བཅས་སྤྲོད་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ཕྱོགས་གཉིས་ནས་གདམ་ག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་གྲྭ་ཐོན་པའི་གཞུང་གྲོན་དགེ་འོས་སློབ་མ་མི་རེ་ངོ་རེར་དགེ་རྒན་བྱ་ཡུལ་གྱི་སློབ་གྲྭ་དང་ལས་གནས་བཀོད་སྒྲིག་བྱ་རྒྱུ་རེད། འགན་འཁུར་བ་དེས་སྲིད་ཇུས་དེ་དག་གིས་དགེ་འོས་སློབ་མ་ཚོ་དགེ་རྒན་གྱི་སློབ་སྦྱོང་དང་སློབ་གྲྭ་ཐོན་རྗེས་དགེ་རྒན་བྱ་རྒྱུའི་སྤོབས་སེམས་ཆེ་རུ་འགྲོ་སྲིད་ཅེས་བརྗོད། ས་གནས་ཁག་གཅིག་གིས་ས་གནས་ཀྱི་དོན་དངོས་ལ་གཞིགས་ཏེ་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོའི་ལམ་ལུགས་རགས་ཙམ་བཙུགས་ཟིན་པ་དང་བྱ་ཐབས་དེས་ས་གནས་ཀྱི་ལམ་ལུགས་འཚོལ་ཞིབ་དེ་རྒྱལ་ཁབ་ཀྱི་ལམ་ལུགས་མ་ལག་ནང་དངོས་སུ་བཅུག་ནས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
           འགན་འཁུར་བ་དེས་བྱ་ཐབས་ནང་གཞུང་གྲོན་གྱི་དགེ་འོས་སློབ་མའི་ཁ་ཆད་ལག་བསྟར་གྱི་ཞབས་ཞུའི་དུས་ཚོད་ལོ་དྲུག་ལ་ལེགས་སྒྲིག་བྱས་ཡོད། སློབ་ཁྲིད་ལོ་དྲུག་བྱས་ན་སློབ་ཆུང་ངམ་ཡང་ན་སློབ་འབྲིང་གི་ཆ་ཚང་བའི་སློབ་ཁྲིད་དུས་འཁོར་ལེགས་གྲུབ་ཡོང་ཐུབ་ལ་གཞུང་གྲོན་དགེ་འོས་སློབ་མར་འཕེལ་རྒྱས་ཀྱི་འཁོར་རྒྱ་དེ་བས་ཆེ་བ་ཞིག་བཏོད་དེ་སྲིད་ཇུས་ཀྱི“གསོན་ཤུགས”སྔར་བས་འདོན་སྤེལ་ཐུབ་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།