འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་ཞིང་ལས་ཐོན་ལས་གླིང་ལས་ཞིང་པར་འབབ་འཕར་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སྣོད་བཅུད་ཞིང་ལས་ཐོན་ལས་གླིང་ལས་ཞིང་པར་འབབ་འཕར་བྱུང་བ།
             མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་སྒར་རྫོང་གིས་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་དང་། སྒོ་ཕྱུགས་གསོ་ཚགས། ཕྱོགས་བསྡུས་བེད་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་བསྐྲུན་པ་དང་། ལོ་ལྟར་རྫོང་གྲོང་གི་ཉེ་འཁོར་དུ་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་40ལྷག་མཁོ་སྤྲོད་བྱས་པས་ཡུལ་དེ་གའི་ལས་བྱེད་དང་མང་ཚོགས་ཀྱི་སྔོ་ཚལ་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། གསོ་སྦྱོང་ལ་བརྟེན་ནས་དབུལ་སྐྱོར་གནས་སྤོས་མང་ཚོགས་200ལྷག་ཙམ་ལ་དུས་ཚིགས་རང་བཞིན་གྱི་ལས་ཞུགས་ཐུབ་པར་བྱས་ཤིང་། གོང་གི་པར་རིས་ནི་ལས་མི་འཇམ་དབྱངས(གཡོན)དང་ཟླ་བས་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་གི་ཀྲོ་མ་ཀྲུའི་དྲོད་ཁང་དུ་ཀྲོ་མ་ཀྲུ་འཐུ་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།