འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྔོ་ཞིང་དྭངས་བའི་རི་ཆུ་ནི་ང་ཚོ་ཐུན་མོང་གི་བརྟེན་ས་ཡིན།

    —— པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་གྲོང་མི“སྣོད་བཅུད་སྲུང་སྐྱོང་མཁན”ལ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། སྤྱི་ལེ་ངོས་གྲུ་602དང་ས་བབ་མཐོ་ཚད་སྨི་3500ཟིན་ཞིང་། མཚེའུ་དང་འདམ་ར་དང་། ནགས་ཚལ་དང་སྤང་ལྗོངས། ཆུ་རོང་རྒྱུག་ཆུ། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་བཅས་ཡོད་པ་ནི་ཡུན་ནན་བདེ་ཆེན་བོད་རིགས་ས་ཁུལ་གྱི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་རེད།
              འདི་ལོ་ལོ་50ལ་སླེབས་པའི་ངག་བཟང་ནི་བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕོ་གྲོང་ཚོ་ཨུ་ལྷན་ལྷོ་རོང་གྲོང་མི་ཚོགས་ཆུང་གི་གྲོང་མི་ཞིག་ཡིན་ལ་རྒྱལ་ཁབ་སྤྱི་གླིང་གི“ནགས་སྲུང་བ”ཞིག་ཀྱང་རེད།
             དེ་སྔ་ལྷོ་རོང་གྲོང་ཚོར་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ཁར། དྲོད་ཚད་དམའ་བ་དང་གནམ་གཤིས་འགྱུར་ལྡོག་ཆེ་བས་གྲོང་མི་ཚོའི་འཚོ་བ་དེ་ཙམ་ཡག་པོ་མེད་པ་དང་། སྐབས་རེ་བཏབ་པའི་ནས་དང་ཞོ་ཁོག་གིས་རང་གི་གྲོད་པ་རྒྱགས་ཙམ་ལས་ཡོང་གི་མེད། འཚོ་གནས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། གྲོང་མི་ཁག་གཅིག་རི་ལ་ཤིང་གཅོད་པ་དང་རྔོན་རྒྱག་པར་བསྐྱོད་ཀྱི་ཡོད་པས། “ཤིང་བཅད་ནས་སྡོད་ཁང་གི་རྒྱུ་ཆ་དང་འབུད་ཤིང་བྱེད་པའི”སྣང་ཚུལ་རྒྱུན་དུ་མཐོང་རྒྱུ་ཡོད།
           “ང་ཚོ་དང་ནགས་སྲུང་ལས་བྱེད་པའི་དབར་གྱི་འབྲེལ་བ་དེ་སྔ་ཡག་པོ་དེ་ཙམ་མེད”ཅེས་ངག་བཟང་གིས་བཤད་པ་དང་། ཁོང་གིས་1998ལོར་བདེ་ཆེན་ཀྲོའུ་ཡིས་རང་བྱུང་ནགས་ཚལ་གཅོད་རྒྱུ་བཀག་འགོག་བྱ་རྒྱུ་ཁྱབ་བསྒྲགས་བྱས་རྗེས། གྲོང་མི་མང་པོས་དེར་བསམ་ཤེས་མ་ཐུབ་པར་ནགས་ལས་ལས་བྱེད་པ་དང་ནགས་སྲུང་བ་སྣོད་བཅུད་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་པར་ཡོང་སྐབས་གྲོང་མི་ཚོས་རང་ཉིད་ཀྱི་འཚོ་གནས་ལ་ཤུགས་རྐྱེན་བཟོ་གི་འདུག་སྙམ་གྱི་ཡོད་ཅེས་བཤད།
             རྗེས་སུ་ཞོ་རྡོ་མཚོ་དང་བས་མཐའ་མཚོ་མཛེས་ལྗོངས་ཁུལ་གཉིས་སྒོ་ཕྱེ་བ་དང་བསྟུན། གྲོང་མི་ཚོས་ཡུལ་སྐོར་ལས་བྱུང་བའི་ཚོང་གཉེར་གོ་སྐབས་ལ་དམ་འཛིན་ལྷོད་མེད་བྱས་ཤིང་། གྲོང་མི་ཁག་གཅིག་གིས་མ་སྐུལ་དང་བླངས་དང“རྟ་ཁྲིད་ཡུལ་སྐོར”གྱི་རྣམ་གྲངས་སྒྲིག་འཛུགས་བྱས་པ་མ་ཟད། ད་དུང་ན་ཁའི་ཐོག་བཟའ་བཅའ་བཙོངས་པ་དང་བསྲེགས་ཟས་བཟོ་གི་ཡོད། ཡིན་ནའང་། ཡུལ་སྐོར་བ་མང་དུ་སོང་བ་དང་རྟས་ན་ཁར་རྡོག་བརྫིས་བཏང་བ་དང་དེ་བཞིན་གད་སྙིགས་མང་དུ་ཕྱིན་ནས་ས་ངོས་དང་སྔོ་ཁེབས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད།
            “‘རྟ་ཁྲིད་ཡུལ་སྐོར་དང་བསྲེགས་ཟས་བཟོ་བ་སོགས་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བའི་རྣམ་གྲངས་ངེས་པར་དུ་མེད་པ་བཟོ་དགོས་མོད། འོན་ཀྱང་མང་ཚོགས་ཀྱི་འཚོ་གནས་ལའང་བསམ་གཞིག་བྱེད་དགོས་ཀྱི་ཡོད”ཅེས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྲུང་སྐྱོང་ཁོའོ་ཡི་ཁོའོ་ཀྲང་ཏིང་ཝུན་ཏུང་གིས་དེ་ལྟར་བརྗོད་པ་དང་། ཁོང་གིས་2008ལོ་ནས་བཟུང་། དམིགས་བསལ་ཆོག་མཆན་ཐོབ་པའི་གཉེར་སྐྱོང་ཀུང་སིས་ཉེ་འགྲམ་གྱི་སྡེ་ཁུལ་ལ་སྣོད་བཅུད་སྐྱོང་གསོ་བྱས་པ་དང་། ཁ་ཆད་གཞིར་བཟུང་རེས་སྐོར་དང་པོར་ལོ་རེར་སྐྱོང་གསབ་དངུལ་སྒོར་ཁྲི་1000ཙམ་སྤྲད་པ་དང་། རེས་སྐོར་གཉིས་པར་ལོ་རེར་སྐྱོང་གསབ་དངུལ་སྒོར་ཁྲི་2000ཙམ་སྤྲད་ཡོད། ཁེ་ཕན་གྱི་ཁ་གསབ་གན་རྒྱ་ལོ་ལྔ་རེར་ཐེངས་གཅིག་འཇོག་གི་ཡོད། མིག་སྔར། སྣོད་བཅུད་སྐྱོང་གསབ་མ་དངུལ་སྒོར་དུང་ཕྱུར་1.5ཟིན་ཡོད་ཅེས་བཤད།
             ད་ཆ་ངག་བཟང་གི་ཁྱིམ་ལ་ལོ་ལྟར་སྣོད་བཅུད་སྐྱོང་གསབ་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་ཡོད་ལ། ནང་མི་ཚོ་ད་དུང་རྒྱལ་ཁབ་སྤྱི་གླིང་དུ་ཁོར་ཡུག་གཙང་སྦྲའི་བཟོ་པ་བྱེད་ཆོག་གི་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། སྣོད་བཅུད་སྐྱོང་གསབ་ཀྱི་ལས་དོན་སྤེལ་ཚུན། ལྷོ་རོང་གྲོང་ཚོའི་གྲོང་མིའི་སྣོད་བཅུད་ཁོར་ཡུག་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་པ་རེད། རི་སྟེང་དུ་རི་སྐྱེས་ཤ་མོ་འཐུ་བར་སྐྱོད་སྐབས་ཀྱང་གྲོང་མི་ཚོས་ཉེ་འགྲམ་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་མི་ཡོང་ངམ་སྙམ་ནས་གཟབ་ནན་ཆེན་པོ་བྱེད་ཀྱི་ཡོད།
            ཏིང་ཝུན་ཏུང་གིས་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་སྤེལ་བ་ནི། གཙོ་བོ་རང་བྱུང་སྣོད་བཅུད་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ལ་བདག་པ་དང་། དམངས་ཡོངས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་རེད། པོ་ཏ་རྒྱལ་ཁབ་སྤྱི་གླིང་གིས་ཁྱབ་ཁོངས་ཅུང་ཆུང་བ་བེད་སྤྱད་བྱས་ནས་ཁྱབ་ཁོངས་ཆེ་ཤོས་སྲུང་སྐྱོང་ཐུབ་པར་བྱས་ཡོད་ཅེས་བཤད།
            ལྷོ་རོང་གྲོང་ཚོའི་ནགས་སྲུང་བ་སུན་ནུའུ་ཡིས་ད་ཆ་གྲོང་ཚོའི་དུད་ཚང་36གི་གྲོང་མིས་རེས་མོས་བཞིན་རི་སྐོར་ནགས་སྲུང་གི་འགན་འཁུར་གྱི་ཡོད་ལ། གྲོང་ཚོའི་མདོར་ད་དུང་ཡར་འགྲོ་མར་འགྲོ་བྱེད་མཁན་ལ་ཆེད་མངགས་དོ་དམ་བྱེད་མཁན་བཀོད་སྒྲིག་བྱས་ནས་ནགས་ཤིང་གཅོད་པ་དང་རྐུ་བའི་གནས་ཚུལ་མི་ཐོན་པ་བྱེད་ཀྱི་ཡོད། འབྲེལ་ཡོད་གྲོན་དངུལ་ཚང་མ་དུད་ཚང་ཚང་མས་མཉམ་དུ་བཏོན་པ་དང་འབྲེལ་ལྷོ་རོང་གྲོང་ཚོའི་གྲོང་སྲོལ་དམངས་ཆིངས་ནང་བཀོད་ཡོད་ཅེས་བཤད།
              “སྔོ་ཞིང་དྭངས་བའི་རི་ཆུ་ནི་ང་ཚོ་ཐུན་མོང་གི་བརྟེན་ས་ཡིན”ཞེས་ངག་བཟང་གིས་བརྗོད་པ་དང་། ཁོང་གིས་ད་ཆ་ང་ཚོ་དང་ནགས་ལས་སྡེ་ཚན་དང་དེ་བཞིན་ནགས་སྲུང་བའི་དབར་གྱི་འབྲེལ་བ་ཡག་ཤོས་ཀྱི་སྐབས་ཡིན། གང་ཡིན་ཟེར་ན་སྣོད་བཅུད་སྲུང་སྐྱོང་ལས་དོན་སྤེལ་བ་ནི་ང་ཚོ་རང་ཉིད་ཁོ་ནའི་ཆེད་དུ་ཙམ་མ་ཟད། ད་དུང་ཕ་ཚ་བུ་རྒྱུད་ཀྱི་ཆེད་དུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།