འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྡེ་རོང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་རྒུན་འབྲུམ་
    བཏབ་ནས་ཕྱུག་པོའི་ལམ་དུ་བསྐྱོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཀྲོའུ་སྡེ་རོང་རྫོང་དབའ་ཁ་གྲོང་ཚོའི་དཀའ་ཐུབ་ཚེ་རིང་ཁྱིམ་གྱི་ནང་མི་ཚང་མས་རང་ཁྱིམ་གྱི་རྒུན་འབྲུམ་ལ་ལུད་རྒྱག་བཞིན་ཡོད་པ་དང་། མུའུ་5ཙམ་གྱི་རྒུན་འབྲུམ་ལ་ལུད་རྒྱག་པར་ཉིན་བརྒྱད་འགོར་གྱི་ཡོད། དེ་རིང་གཞི་ནས་ལས་ཀ་ཚར་ནས་ངལ་གསོ་བཞིན་འདུག ད་ལྟ་ནི་འགག་རྩའི་དུས་ཤིག་ཡིན་པས་ང་ཚོས་ཧོལ་རྒྱུག་བྱེད་ཕོད་ཀྱི་མི་འདུག རྒུན་འབྲུམ་ཆེ་རུ་འགྲོ་བའི་སྒང་ཡིན་པས་ལུད་རྒྱག་པ་དང་། ཡལ་བཅོས་རྒྱག་པ། གནོད་འབུ་འགོག་བཅོས་སོགས་ཀྱི་གཡོག་བྱེད་ལས་ཀ་ཚང་མ་དེའི་དུས་སུ་བྱེད་དགོས་ཀྱི་ཡོད།
              ལོ་དེ་དག་རིང་སྡེ་རོང་རྒུན་འབྲུམ་གྱི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། མིག་སྔར་རྫོང་ཡོངས་སུ་རྒུན་འབྲུམ་ཨ་རག་སྙོལ་བྱེད་ཀྱི་རྒུན་འབྲུམ་མུའུ་5260ཡོད། 2017ལོར་རྒུན་འབྲུམ་ཏུན་724ལོ་ལེགས་བྱུང་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་1670བྱུང་བ་དང་། སྔོན་རྩིས་བྱས་ན། འདི་ལོ་མུའུ་2236ནས་རྒུན་འབྲུམ་ཏུན་1200ཐོན་རྒྱུ་རེད།
             ཉེ་བའི་ལོ་ཤས་རིང་། སྡེ་རོང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ཁྲིད་སྟོན་དུ་བྱས་ནས“གྲོང་གསེབ་དར་རྒྱས་དང་ཐོན་ལས་སྔོན་སྐྱོད”ཀྱི་སྤྱིའི་བསམ་ཕྱོགས་ལ་དམིགས་ནས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཀྱི་སྡེ་རོང་གྱི་ཐབས་ལམ་སྟེ། “སྣེ་འདྲེན་ཁེ་ལས+གྲོང་ཚོའི་ཏང་ཀྲི་པུའུ+ཞིང་དུད”(དུད་ཚང་དབུལ་པོ)+3(རྟེན་གཞི་བོགས་གཏོང་། ས་ཞིང་ནང་བཤུག མངགས་ཐོ་ཉོ་སྒྲུབ)བཅས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། བྱེད་ཐབས་དེ་རིགས་ཀྱིས་ཞིང་དུད་དང་སྣེ་ཁྲིད་ཁེ་ལས་གཉིས་ཀར་ཕན་པ་ཐོབ་པ་དང་། སྣེ་འདྲེན་ཁེ་ལས་ལ་རྒུན་འབྲུམ་རག་པ་དང་ཞིང་དུད་གྱི་རྒུན་འབྲུམ་མི་བྲིན་པའི་སེམས་ཁྲལ་སེལ་ཐུབ་པ་བྱུང་བ་རེད།
           “ཐོག་མར་རྒུན་འབྲུམ་འདེབས་སྐབས། ཚོང་མི་ཐུབ་པའི་སེམས་ཁྲལ་བྱུང་། ད་ཆ་གོང་མཐོ་པོ་དེ་འདྲ་རག་གི་རེད་བསམ་མ་བྱུང”2007ལོར་སྲིད་གཞུང་གིས་རྒུན་འབྲུམ་འདེབས་རྒྱུའི་སྐུལ་སློང་བྱེད་སྐབས་དབའ་ཁ་གྲོང་ཚོའི་བློ་བཟང་ཕུན་ཚོགས་ཁྱིམ་གྱིས་རྒུན་འབྲུམ་འདེབས་འདོད་བྱས་མེད། ད་ཆ་རྒུན་འབྲུམ་བཏབ་པས་དངུལ་མང་པོ་རག་ཡོད། 2017ལོར་སྡེ་རོང་རྫོང་གི་ཨ་རག་སྙོལ་བྱེད་ཀྱི་རྒུན་འབྲུམ་ལ་ཉུང་མཐར་ཡང་སྤྱི་རྒྱ་རེར་སྒོར་6.5ཡན་སྤྲོད་ཀྱི་ཡོད་པ་དང་། དབའ་ཁ་གྲོང་ཚོའི་རྒུན་འབྲུམ་གྱི་སྤུས་ཚད་ལེགས་པོ་ཡོད་པས་སྤྱི་རྒྱ་རེར་སྒོར་8སྤྲོད་ཀྱི་ཡོད། ན་ནིང་རྒུན་འབྲུམ་ཨ་རག་གི་ཐོན་ལས་རིན་ཐང་སྒོར་ཁྲི་5200ཟིན་ཡོད། འདི་ལོ་སྡེ་རོང་རྫོང་གི་རྒུན་འབྲུམ་རིན་གོང་སྤྱི་རྒྱ་རེར་སྒོར་7བྱེད་ཅིང་། སྔོན་རྩིས་བྱས་ན། རྒུན་འབྲུམ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་6500ཟིན་པ་དང་རྒུན་འབྲུམ་ཐོན་ཁུལ་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1800འབབ་འཕར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།