འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་སྡོད་ཁང་ཉམས་གསོ་བྱས་ནས་སྲོལ་རྒྱུན་གྱི་གྲོང་སྡེའི་རྣམ་པ་སླར་གསོ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ལི་ཧྲུའེ་གྲོང་ཁྱེར་སུང་དབྱང་རྫོང་ཀྲེ་ཅང་ཞིང་ཆེན་ལྷོ་ནུབ་རི་ཁུལ་དུ་གནས་པ་དང་། རྫོང་དེ་བསྐྲུན་ནས་ད་བར་ལོ་1800ལྷག་ཙམ་ཕྱིན་ཡང་རྣམ་པ་ཆ་ཚང་བའི་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་མང་པོ་ཉར་འཇོག་ཐུབ་ཡོད་པ་རེད།
             ཉེ་བའི་ལོ་ཤས་རིང་། སུང་དབྱང་རྫོང་གིས་སྡོད་ཁང་རྙིང་པ་ཉམས་གསོ་དང་བེད་མེད་ཀྱི་སྡོད་ཁང་སྒྱུར་བཀོད་བྱས་ནས་གྲོང་གསེབ་ཀྱི་མང་ཚོགས་སྡོད་ཁང་ཁག་གཅིག་བསྐྲུན་པས་གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་དང་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད། གྱང་རོ་ཁང་ཤུལ་དེ་དག་ཉམས་གསོ་ཡག་པོ་བྱས་པ་བརྒྱུད། སྲོལ་རྒྱུན་གྲོང་སྡེའི་རྣམ་པར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།