འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཛད་སྤྱོད་པའི་ལྗང་མདོག་ཐོན་རྫས་ཀྱི་མཚོན་རྟགས་ངོས་འཛིན་ཐུབ་ཚད་ཆེས་ཆེར་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱུད་འབྲེལ་ཚོང་གཉེར་མཐུན་ཚོགས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་བརྟག་དཔྱད་ཞིག་ལས་མངོན་པར། 2015ལོ་ནས་2017ལོ་བར། ཀྲུང་གོའི་རིམ་པ་དང་པོ་དང་གཉིས་པའི་གྲོང་ཁྱེར་གྱི་འཛད་སྤྱོད་པས་ལྗང་མདོག་ཐོན་རྫས་ཀྱི་མཚོན་རྟགས་ངོས་འཛིན་ཐུབ་ཚད་ཆེས་ཆེར་འཕར་བའི་ནང་། ནུས་འབྲས་ངོས་འཛིན་ཐུབ་ཚད་78%ནས་89%བར་འཕར་བ་དང་ལྗང་མདོག་བཟའ་བཅའི་མཚོན་རྟགས་ངོས་འཛིན་ཐུབ་ཚད་58%ནས་83%བར་འཕར་ཡོད་པ་རེད།
            བརྟག་དཔྱད་དེ་ཀྲུང་གོའི་རྒྱུད་འབྲེལ་ཚོང་གཉེར་མཐུན་ཚོགས་དང་། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས(WWF)ཀྱིས་མཉམ་དུ་སྤེལ་བའི“2018ལོའི་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཛད་སྤྱོད་དྲིལ་བསྒྲགས་གཟའ་འཁོར”ཐོག་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པ་རེད། ཀྲུང་གོའི་རྒྱུད་འབྲེལ་ཚོང་གཉེར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲུའུ་ཏུང་གིས་ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་སྐྱེ་ལྡན་བཟའ་བཅའི་འཛད་སྤྱོད་ཁྲོམ་ར་དེ་ལོ་ལྟར་25%ཡི་མྱུར་ཚད་ཀྱིས་རྒྱ་ཆེར་སོང་བ་དང་། འཛམ་གླིང་གི་སྐྱེ་ལྡན་ལས་རིགས་ཀྱི་འཕེལ་རྒྱས་ཁྲོད། ཀྲུང་གོ་ནི་ཕན་སྐུལ་གྱི་སྟོབས་ཤུགས་གཙོ་བོ་ཞིག་རེད། སྐྱེ་ལྡན་ཞིང་ལས་ཀྱིས་གྲོང་གསེབ་དར་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བཤད།
           ཁྲུའུ་ཏུང་གིས་ངོ་སྤྲོད་བྱས་པ་གཞིར་བཟུང་། འཛད་སྤྱོད་པར་སྐྱེ་ལྡན་གྱི་འདུ་ཤེས་དང་ཐོན་རྫས་དྲིལ་བསྒྲགས་བྱ་ཆེད། རྒྱུད་འབྲེལ་མཐུན་ཚོགས་ཀྱིས་ལས་དོན་ཁག་གཉིས་སྤེལ་བཞིན་ཡོད་པ་སྟེ། གཅིག་ནི་འཛད་སྤྱོད་མཐའ་སྣེའི་ཚན་རིག་ཁྱབ་གདལ་ཐོག་སྐྱེ་ལྡན་མཚོན་རྟགས་དང་འདུ་ཤེས་དྲིལ་བསྒྲགས་བྱས་ནས་འཛད་སྤྱོད་པར་སྐྱེ་ལྡན་ཐོན་སྐྱེད་བྱེད་སྟངས་ཀྱིས་ཁོར་ཡུག་མཛའ་མཐུན་དང་དེ་བས་བདེ་ཐང་ཡོང་བའི་ཤེས་རྟོགས་ཐུབ་པར་བྱེད་པ་དང་། གཉིས་ནི་ཉོ་སྒྲུབ་མཐའ་སྣེར་སྤུས་ལེགས་ཀྱི་སྐྱེ་ལྡན་ཐོན་རྫས་ཀྱི་དཀར་ཆག་བསྡུ་རུབ་བྱས་ནས་སིལ་ཚོང་པར་ཉོ་སྒྲུབ་བྱ་རྒྱུར་འོས་སྦྱོར་བྱས་ཡོད། ང་ཚོའི་དམིགས་ཚད་ནི་ལྗང་མདོག་གི་སྐྱེ་ལྡན་འཚོ་བ་སྐྱེལ་སྟངས་དར་སྤེལ་དང་འཛད་སྤྱོད་བྱ་སྤྱོད་དེ་བས་རྒྱུན་མཐུད་ཐུབ་རྒྱུར་ཁྲིད་སྟོན་བྱས་ཏེ་ཁེ་ལས་དང་འཛད་སྤྱོད་པའི་དབར་ཡིད་ཆེས་ཀྱི་བགྲོད་ལམ་ཞིག་འཛུགས་ཆེད་རེད།
      

    ཕྱོགས་བསྡུས་གསར་འགྱུར།