འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་འཁྲབ་ཁྲིད་པ་ཉི་པིས་གློག་བརྙན་བརྒྱུད་གོ་ལ་ཧྲིལ་པོར་ཀྲུང་གོའི་གཏམ་རྒྱུད་གླེང་བ། 

    “ང་རང་དེང་རབས་ཀྱི་མཱ་ཁེ·པོ་ལོ་བྱེད་འདོད་ཡོད” 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། “ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ད་དུང་འདས་ཟིན་པའི་ལོ་40ཡི་ནང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ནས་ཧང་སངས་དགོས་པའི་ངོ་མཚར་བྱས་རྗེས་བཏོད་ཡོད། ཀྲུང་གོར་ངོ་མཚར་ཆེ་བའི་གཏམ་རྒྱུད་མང་པོ་ཡོད་པ་དག་ཟིན་ཐོ་འགོད་པ་དང་བརྒྱུད་བསྒྲགས་བྱེད་པའི་རིན་ཐང་ཆེན་པོ་འདུག ང་ཚོའི་《ཡ་མཚན་ཅན་གྱི་ཀྲུང་གོ་》ཞེས་པའི་རིམ་སྤེལ་དངོས་མཚོན་གློག་བརྙན་ནི་ནུབ་ཕྱོགས་བའི་བསམ་བློ་གཏོང་སྟངས་དང་ཧའོ་ལའེ་ཝུའུ་ཡི་མཚོན་ཐབས་ལ་བརྟེན་ནས་གློག་བརྙན་དེ་འཛམ་གླིང་རང་བཞིན་གྱི་སྐད་ཆའི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོར་ཀྲུང་གོའི་གཏམ་རྒྱུད་གླེང་ཡོད”ཅེས་ཨ་རིའི་མོང་ནཱ་རུའེ་ཁེ་སི་གློག་བརྙན་ཀུང་སིའི་སྤྱི་ཁྱབ་དང་ཧའོ་ལའེ་ཝུའུ་ཡི་འཁྲབ་ཁྲིད་པའི་བསླབ་པ་རྒན་གྲས་ཁེ་ལི་སི·ཉི་པིས་སྨྱུག་འཛིན་པར་དེ་ལྟར་བརྗོད།
          “ང་ཚོས་གློག་བརྙན་གྱི་རྣམ་པའི་ཐོག་ནས་ཀྲུང་གོའི་ཡུལ་ལྗོངས་དང་། ལོ་རྒྱུས། རིག་གནས་བཅས་ཇི་མ་ཇི་བཞིན་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱ་རྒྱུ་ཡིན”

    ཉི་པིའི་སྡོད་གནས་སུ་སྐྱོད་སྐབས་ཐག་རིང་ནས་གྱང་ཐོག་ཏུ་བཀལ་བའི་སྐར་ལྔའི་དར་དམར་ཆེན་པོ་ཞིག་མཐོང་བྱུང་། ཁང་པའི་ནང་འཛུལ་རྗེས་ཀྲུང་གོ་བའི་ཁྱིམ་ཚང་ཞིག་ནང་དུ་སླེབས་པའི་ཚོར་སྣང་སྟེར་བ་ནི་གྱང་ཐོག་ཏུ་ཀྲུང་གོའི་ཡིག་རིས་བཀལ་བ་དང་། ཅོག་ཙེའི་ཐོག་ཏུ་ཀྲུང་གོའི་དཀར་ཡོལ་དང་ལག་ཤེས་སྒྱུ་རྩལ་ཐོན་རྫས་བཞག་པ། ད་དུང་སྨྱུག་མ་བཏབས་པ་བཅས་ལས་མངོན་ཐུབ། ཉི་པིས་ངའི་ཁྱིམ་དུ་ཀྲུང་གོའི་གྲོགས་པོ་འཚམས་འདྲིར་ཕེབས་རིམ་བཞིན་ངས་ཁང་ཕྱིར་ཀྲུང་གོའི་རྒྱལ་དར་ཞིག་འགེལ་གྱི་ཡོད། དེ་ལྟར་བྱས་ཚེ། གྲོགས་པོ་ཚོས་ངའི་ཁང་པ་རྙེད་བདེ་པོ་ཡོད་ལ། ཁོང་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་ལུགས་ཀྱང་མཚོན་ཐུབ་ཅེས་བརྗོད་ཀྱི་འདུག
          མོང་ནཱ་རུའེ་ཁེ་སི་ནི་ཉི་པིས་1978ལོར་བཙུགས་པའི་རང་ཚུགས་ཀྱི་གློག་བརྙན་སྒྲིག་བཟོ་ཀུང་སི་ཞིག་རེད། ལོ་བཅུ་གྲངས་རིང་སྒྲུང་གཏམ་གློག་བརྙན་དང་དངོས་མཚོན་གློག་བརྙན་མང་པོ་པར་ལེན་སྒྲིག་བཟོ་བྱེད་མྱོང་ཡོད། 1985ལོར་པར་ལེན་བྱས་པའི་དངོས་མཚོན་གློག་བརྙན་《རྒྱུན་འཛིན་པ་》ཞེས་པར་ཀག་ནའི་གློག་བརྙན་དུས་ཆེན་ཐོག་བྱ་དགའ་ཐོབ་པ་དང་། 1994ལོར་པར་ལེན་བྱས་པའི་དངོས་མཚོན་གློག་བརྙན་《མཐའ་མཇུག་གི་ཚོང་གཉེར་རུ་ཁག་》ཅེས་པར་ཨ་རིའི་གློག་བརྙན་བརྙན་འཕྲིན་གྱི་གསེར་རྒོད་བྱ་དགའི་དངོས་མཚོན་གློག་བརྙན་སྒྲིག་བཟོའི་ཕུལ་བྱུང་བྱ་དགའ་ཐོབ་ཡོད། ཁོང་གི་ཁྱིམ་རྒྱུད་ནང་སོག་རིགས་ཀྱི་ཁྲག་རྒྱུད་ཡོད་པས་ཉི་པིར་ཤར་ཕྱོགས་ཀྱི་ཀྲུང་གོར་སྙིང་ཉེ་བའི་ཚོར་སྣང་ཞིག་ཡོད་ཅིང་། ཁོང་གིས“ངའི་སེམས་ནང་ཀྲུང་གོ་ནི་ངའི་ཕ་ཡུལ་ཡིན”ཞེས་བརྗོད་ཀྱི་འདུག
          1995ལོར་ཉི་པི་ཀྲུང་གོར་ཐེངས་དང་པོ་ཡོང་བ་དང་། དེ་ནས་བཟུང་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ངོ་མཚར་ཆེ་བའི་ཤེས་དཔལ་ལ་རྦད་དེ་སེམས་ཆགས། ཉི་པི་དང་ཁོང་གི་ཚོགས་པས་བརྙན་ཤེལ་བརྒྱུད་ཀྲུང་གོ་ཟིན་ཐོ་འགོད་འགོ་ཚུགས་ནས་ཀྲུང་གོའི་རིག་གནས་ཀྱི་ཉམས་འགྱུར་མཚོན་པའི་དངོས་མཚོན་གློག་བརྙན་མང་པོ་པར་ལེན་བྱས་པ་སྟེ། 《སེམས་ཀྱི་ཉི་ཟླ་》དང་། 《འཛམ་གླིང་ཡང་རྩེ་》《དར་གོས་ལམ་བུ་》《ཏཱ་ལི་》《ཅང་སུའུ་》སོགས་ད་བར་དངོས་མཚོན་གློག་བརྙན་19པར་ལེན་སྒྲིག་བཟོ་བྱས་པ་དང་། སྔ་རྗེས་སུ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་50ཡི་ནང་བྱ་དགའ་ཐོབ་ཡོད། ཉི་པིས་གློག་བརྙན་དེ་དག་ལ་《ཡ་མཚན་ཅན་གྱི་ཀྲུང་གོ་》ཞེས་པའི་རིམ་སྤེལ་གློག་བརྙན་ཞེས་བརྗོད་ཅིང་། ཁོང་གིས“ང་ཚོའི་དངོས་མཚོན་གློག་བརྙན་ཨ་རིའི་སྤྱི་པའི་བརྙན་འཕྲིན་ལེ་ཚན་ཐོག་ཟམ་མི་ཆད་པར་བསྟན་པར་ལྟད་མོ་བས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བརྗོད་ཀྱི་འདུག
         ཉི་པི་འཇར་མན་དང་ཕོ་ལན་འབྲེལ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་སྐྱེས་པ་དང་། འཇར་མན་དུ་སློབ་གྲྭ་མཐར་ཕྱིན་བསྒྲིམས་པ། དེ་ནས་ཨ་རིའི་ཉིའུ་གཡོད་དུ་ཚོང་རྒྱག་པར་བསྐྱོད་ཡོད། གློག་བརྙན་ལ་ཧ་ཅང་དགའ་བའི་ཁོང་དེ་ནས་ལོ་ཧྲན་ཅིའི་ཧའོ་ལའེ་ཝུའུ་རུ་གློག་བརྙན་ལས་ལ་ཞུགས་འགོ་ཚུགས། ཀྲུང་གོ་ནི་ཁོང་གིས་རྟག་ཏུ་དོ་ཁུར་བྱེད་པའི་གླེང་བྱ་ཞིག་རེད། 2014ལོར་ཁོང་རང་ཉིད་ཀྱིས་ཨ་སྒོར་ཁྲི་50བཏང་ནས་《ཏའེ་ཡུས་གླིང་ཕྲན་གྱི་གནས་ཚུལ་ངོ་མ་》ཞེས་པའི་དངོས་མཚོན་གློག་བརྙན་པར་ལེན་སྒྲིག་བཟོ་བྱས་པར་ལས་རིགས་ཁག་གི་བསྔགས་བརྗོད་ཐོབ་ཡོད་པ་རེད།
         ཀྲུང་གོའི་ས་གནས་ཁག་གི་ཡུལ་སྲོལ་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དང་། གསར་གཏོད་ཀྱི་བརྒྱུད་རིམ་ནང་ཀྲུང་གོའི་རིག་གནས་རྒྱུན་འཛིན་ཐུབ་པས་དེ་དག་ཚང་མ་ནི་གློག་བརྙན་གྱི་བརྗོད་བྱ་ཡག་ཤོས་ཡིན།
         ཀྲུང་གོའི་རིག་གནས་ལ་ཉི་པིར་རྒྱུས་མངའ་ཆེན་པོ་ཡོད་ཅིང་། ཁོང་གིས་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་40ཡི་དུས་ཚོད་ནང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་བྱས་རྗེས་ངོ་མཚར་ཅན་ཞིག་རེད། ཀྲུང་གོས་མི་འབོར་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་ཐུབ་པར་བྱས་ནས་ཀྲུང་གོའི་དཔལ་འབྱོར་དར་རྒྱས་གོང་འཕེལ་ཡོང་བ་བྱས་ཡོད། དེ་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ཚེ། ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ་ཞིག་རེད། ད་ཆ། མྱུར་བགྲོད་ལྕགས་ལམ་དང་། ཆུ་གློག ཉི་ནུས། རླུང་ནུས་སོགས་ཀྱི་ཐད་ཀྲུང་གོའི་ལག་རྩལ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། མིས་བཟོས་རིག་ནུས་དང་། གློག་འཕྲིན་ལག་རྩལ་སོགས་མཐོ་གསར་ལག་རྩལ་ཐོན་ལས་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་མྱུར་པོ་བྱུང་ནས་རེས་སྐོར་གསར་པའི་ལག་རྩལ་གསར་བརྗེ་འཆར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་གོ་ལ་ཧྲིལ་པོའི་མི་འབོར་60%དང་། དཔལ་འབྱོར་ཐོན་ཚད་བསྡོམས་འབོར་གྱི་1/3ལས་བརྒལ་བ་དང་འབྲེལ་བ་ཡོད། འདི་ནི་དུས་རབས་21པའི་གལ་འགངས་ཆེ་ཤོས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་མཉམ་ལས་འཆར་གཞི་ཞིག་རེད།
         “འཛམ་གླིང་འདི་ཉིད་ད་ཆ་སའི་གོ་ལའི་གྲོང་ཚོར་གྱུར་པས་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་རེད། དེས་ན། ང་ཚོས་ངེས་པར་དུ་འཛམ་གླིང་སྣ་མང་རང་བཞིན་ལ་བསམ་ཤེས་དང་བརྩི་འཇོག་བྱེད་དགོས”ཞེས་ཉི་པིས་ངོས་འཛིན་དེ་ལྟར་བྱེད་པ་དང་། ཁོང་གི་ལྟ་སྟངས་ལ་གཞིགས་ན། ལོ་700ལྷག་ཙམ་གོང་། དབྱི་ཐ་ལི་བ་མཱ་ཁེ་·པོ་ལོ་ཡིས་ཡི་གེའི་རྣམ་པའི་ཐོག་ནས་ཤར་ཕྱོགས་ཀྱི་ཤེས་དཔལ་ཡོ་རོབ་ཏུ་དྲིལ་བསྒྲགས་བྱས་པས་ཡོ་རོབ་བས་ཀྲུང་གོར་ཡིད་སྨོན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ད་ཆའི་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་ཨང་གཉིས་པར་གྱུར་ཡོད་པས་འཛམ་གླིང་རྒྱལ་ཁབ་ཁག་དང་བསམ་ཤེས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་དེ་བས་གཏོང་དགོས་ཀྱི་ཡོད། ཀྲུང་གོ་བ་ཁེངས་སྐྱུང་དང་མཛའ་གྲོགས་འཆམ་མཐུན་ལྡན་པ་ཞིག་ཡོད་པ་དང་། ཀྲུང་གོའི་ས་གནས་ཁག་གི་ཡུལ་སྲོལ་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པས་ཀྲུང་གོའི་རིག་གནས་གསར་གཏོད་ཁྲོད་རྒྱུན་འཛིན་ཐུབ་ཡོད། དེ་དག་ཚང་མ་ནི་གློག་བརྙན་གྱི་བརྗོད་བྱ་ཡག་ཤོས་རེད། ཁོང་གིས“ང་རང་དེང་རབས་ཀྱི་མཱ་ཁེ་·པོ་ལོ་ཞིག་བྱས་ནས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གནས་སྤེལ་རེས་ཆེད་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་ཁ་ཤས་སྒྲུབ་འདོད་ཡོད”ཅེས་བརྗོད་ཀྱི་འདུག ཝང་རུའུ་ཅུན་གྱིས། 
      

    ཕྱོགས་བསྡུས་གསར་འགྱུར།