འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཐུང་ཧའེ་རུ་སླར་ཡང་ས་ཡོམ་རིམ་པ་5.0བྱུང་བ་དང་མི་24རྨས་ཤིང་། 
    མི་ཁྲི་3གནས་སྤོ་བཀོད་སྒྲིག་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་15ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཡུན་ནན་ཐུང་ཧའེ་རུ་སླར་ཡང་ས་ཡོམ་རིམ་པ་5.0བྱུང་བ་དང་མི་24རྨས་ཤིང་། 
མི་ཁྲི་3གནས་སྤོ་བཀོད་སྒྲིག་བྱས།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་50ཐོག ཡུན་ནན་ཞིང་ཆེན་ཡུས་ཞི་གྲོང་ཁྱེར་ཐུང་ཧའེ་རྫོང་དུ་སླར་ཡང་ས་ཡོམ་རིམ་པ་5.0བྱུང་བ་དང་། ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གིས་བརྡ་ཁྱབ་བཏང་དོན། ཚེས་14ཉིན་གྱི་ཆུ་ཚོད་11དང་སྐར་མ་30བར་དུ། ཉིན་གཉིས་ལ་བསྟུད་མར་ས་ཡོམ་རིམ་པ་5.0ཐེངས་གཉིས་བྱུང་བ་ལས་ཐུང་ཧའེ་རྫོང་དང་། ཅང་ཁྲོན་ཁུལ། ཧྭ་ཉིང་རྫོང་བཅས་ཀྱི་མི་ཁྲི་6.96ལ་གནོད་པ་བཟོས་ཤིང་། མི་24ལ་རྨས་སྐྱོན་ཕོག་ཡོད། མི33148མྱུར་དུ་གནས་སྤོ་བཀོད་སྒྲིག་བྱས། དུད་ཁྱིམ་8000ལྷག་གི་ཁང་པ་ལ་ཚད་མི་འདྲ་བའི་གཏོར་སྐྱོན་ཤོར་ཡོད། 
         ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་8ཚེས་14ཉིན་གྱི་ཆུ་ཚོད་3དང་སྐར་མ་50ཐོག ཐུང་ཧའེ་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་24.19དང་ཤར་གྱི་གཞུང་ཐིག་ཏུའུ་102.71)དུ་ས་ཡོམ་རིམ་པ་5.0བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་6ཡིན། སྔར་ཉིན་ཏེ་ཚེས་13ཉིན་གྱི་ཐོ་རེངས་སུ། ཐུང་ཧའེ་རྫོང་གི་སི་ཅེ་གྲོང་རྡལ་ལ་ས་ཡོམ་རིམ་པ་5.0བྱུང་ཞིང་། ཡོམ་གནས་ཀྱི་གཏིང་ཚད་སྤྱི་ལེ་7ཡིན།
           ཁང་པར་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་བཀོད་སྒྲིག་འོས་འཚམ་བྱ་ཆེད། མིག་སྔའི་བར་དུ། ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གིས་གནོད་འཚེ་ཕོག་ཡུལ་དུ་རས་གུར་2053དང་། ཉལ་ཐུལ་6000 ལྟེབ་ཆོག་པའི་ཉལ་ཁྲི་3600 ཉལ་གདན་3600 ཉལ་ཁྲིའི་ཡོ་ཆས་3000 རས་ཁྲ་3000གཏོང་སྤྲོད་བྱས་ཡོད་པ་དང་། གནོད་འཚེ་ཕོག་ཡུལ་དུ་ཁྱོན་བསྡོམས་རས་གུར་590ཕུད་ཅིང་། ལྟེབ་ཆོག་པའི་ཉལ་ཁྲི་100 ཉལ་ཐུལ་80 འབྲས་ཏུན་4བགོས་ནས། གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱས་པ་རེད། 
    ༄༅།།ཡུན་ནན་ཐུང་ཧའེ་རུ་སླར་ཡང་ས་ཡོམ་རིམ་པ་5.0བྱུང་བ་དང་མི་24རྨས་ཤིང་། 
མི་ཁྲི་3གནས་སྤོ་བཀོད་སྒྲིག་བྱས།
      

    ཕྱོགས་བསྡུས་གསར་འགྱུར།