འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་སློབ་ཀྱི་བསླབས་རིམ་དང་སློབ་གནས་གློག་རྡུལ་པར་མ་ངོས་འཛིན་རྒྱུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་15ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའུ་ཡི་གཞུང་ལས་ཐིང་ནས་ཉེ་ཆར་བརྡ་ཐོ་བཏང་དོན། མཐོ་རིམ་སློབ་གྲྭའི་སློབ་མའི་བསླབས་རིམ་ཆ་འཕྲིན་དོ་དམ་མ་ལག་དང་སློབ་གནས་ཆ་འཕྲིན་དོ་དམ་མ་ལག་ལ་འབྲེལ་བ་ཡོད་པའི་གཞི་འཛིན་གྲངས་མཛོད་ཁྲོད་ཐོ་བཀོད་པའི་བསླབས་རིམ་དང་སློབ་གནས་ཆ་ཚང་དྲ་ཐོག་ནས་ཞིབ་བཤེར་ཐུབ་པ་དང་གློག་རྡུལ་ངོས་འཛིན་ར་སྤྲོད་ལག་བསྟར་བྱེད་རྒྱུ་རེད། དེའི་ཁྲོད་དུ། རྒྱལ་ནང་གི་མཐོ་རིམ་སློབ་གསོའི་བསླབས་རིམ་ཆ་འཕྲིན་ནི་ཀྲུང་གོའི་མཐོ་སློབ་སློབ་གསོའི་སློབ་མའི་ཆ་འཕྲིན་དྲ་བ་ནས་འཚོལ་ཞིབ་དང་ངོས་འཛིན་ར་སྤྲོད་ཐུབ་ཅིང་། རྒྱལ་ནང་གི་སློབ་གནས་ཆ་འཕྲིན་ནི་ཀྲུང་གོའི་སློབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོའི་ཆ་འཕྲིན་དྲ་བའི་ནང་དུ་ཀྲུང་གོའི་སློབ་གནས་ངོས་འཛིན་ར་སྤྲོད་མ་ལག་ནས་འཚོལ་ཞིབ་དང་ངོས་འཛིན་ར་སྤྲོད་བྱེད་ཐུབ། གློག་རྡུལ་ཐོ་འགོད་ལམ་ལུགས་ལག་བསྟར་མ་བྱས་གོང་གི་རྒྱལ་ནང་གི་མཐོ་རིམ་སློབ་གསོའི་བསླབས་རིམ་དང་སློབ་གནས་ཏེ། 2002ལོའི་སྔོན་དུ་སློབ་ཐོན་སློབ་མའི་བསླབས་རིམ་ཆ་འཕྲིན་དང་2008ལོའི་ཟླ་9པའི་སྔོན་དུ་ཐོབ་པའི་སློབ་གནས་ཆ་འཕྲིན་ནི། མུ་མཐུད་དུ་མི་ལག་བརྒྱུད་ནས་དཔྱད་བཤེར་བྱ་དགོས་པས། ཡིག་ཐོག་ནས་ངོས་འཛིན་ར་སྤྲོད་མཁོ་འདོན་བྱེད་རྒྱུ་ཡིན།  
         ད་ལོའི་ཟླ་7ཚེས་11ཉིན་ནས་བཟུང་། རང་རྒྱལ་གྱིས་ཁྱོན་ཡོངས་ནས་རྒྱལ་ནང་གི་མཐོ་རིམ་སློབ་གསོའི་བསླབས་རིམ་དང་སློབ་གནས་ངོས་འཛིན་ར་སྤྲོད་ཀྱི་ཞབས་ཞུ་བྱེད་གླ་མེད་པར་བཟོས་ནས། གློག་རྡུལ་འཚོལ་ཞིབ་ངོས་འཛིན་ར་སྤྲོད་ཞབས་ཞུ་ཁྱབ་གདལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཐེངས་འདིར་སློབ་གསོ་པུའུ་ཡིས་རིམ་གྱིས་བཀོད་སྒྲིག་བྱས་ཏེ། ས་གནས་ཀྱི་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་། མཐོ་རིམ་སློབ་གྲྭ། བསླབས་རིམ་དང་སློབ་གནས་སྤྲོད་མཁན་གྱི་ལས་ཁུངས་གཞན་དག་བཅས་ཀྱིས་ཆེད་མངགས་ལས་ཁུངས་སམ་མི་སྣ་གཏན་ཁེལ་བྱས་ནས་བསླབས་རིམ་དང་སློབ་གནས་དཔྱད་བཤེར་ལས་འགན་འཁུར་དགོས་པའི་བླང་བྱ་བཏོན་པ་རེད། མཐོ་སློབ་དང་། བསླབས་རིམ་དང་སློབ་གནས་སྤྲོད་མཁན་གྱི་ལས་ཁུངས་གཞན་དག་གིས་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་སློབ་མའི་ཆ་འཕྲིན་འདྲི་རྩད་དང་ལས་ཞུགས་མཛུན་སྟོན་ལྟེ་གནས་དང་། སློབ་གསོ་པུའུ་ཡི་བསླབས་རིམ་དང་ཞིབ་འཇུག་སློབ་མའི་སློབ་གསོ་གོང་སྤེལ་ལྟེ་གནས་ཀྱི་བསླབས་རིམ་དང་སློབ་གནས་བདེན་དཔང་ར་སྤྲོད་ཡིག་ཆ་འབྱོར་རྗེས། རྩ་དོན་ལྟར་ན་ལས་ཀའི་ཉིན་10རིང་ལ་ལན་སྤྲོད་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།