འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིའི་གཞུང་ལམ་ཟམ་པ་རྡིབ་ནས་ཉུང་མཐར་ཡང་མི་20རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་15ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དབྱི་ཐ་ལིའི་གཞུང་ལམ་ཟམ་པ་རྡིབ་ནས་ཉུང་མཐར་ཡང་མི་20རྐྱེན་ལམ་དུ་ཤོར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། དབྱི་ཐ་ལའི་བྱུང་རྒྱུད་རེ་ནཱ་ཡ་ས་ཁུལ་དུ་གཞུང་ལམ་ཟམ་པ་ཞིག་རྡིབ་ནས་ཉུང་མཐར་ཡང་མི་20རྐྱེན་ལམ་དུ་ཤོར་ཡོད་པ་དང་། རོགས་སྐྱོབ་ལས་ཀ་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།    
         དབྱི་ཐ་ལིའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་མེ་ཟོན་མེ་གསོད་སྡེ་ཚན་གྱི་དཔོན་རིགས་ཀྱིས། མིང་ལ"མོ་ལ་ཏི"ཞེས་པའི་གཞུང་ལམ་ཟམ་པའི་ཟམ་ངོས་སྨི་100ཙམ་རྡིབ་པ་དང་། དོན་རྐྱེན་ཐོན་སྐབས་ཟམ་ངོས་སུ་རླངས་འཁོར་20ཙམ་ཡོད་ཅིང་། མིག་སྔར་ད་དུང་མི་མང་པོ་ཞིག་རླངས་འཁོར་ནང་ལུས་ཡོད་ལ། དོན་རྐྱེན་ཐོན་སྐབས་རེ་ནཱ་ཡ་རུ་ཆར་པ་ཆེན་པོ་འབབ་བཞིན་ཡོད་ཅེས་བཤད།
             རོགས་སྐྱོབ་སྡེ་ཚན་གྱི་དཔོན་རིགས་ཀྱིས། དོན་རྐྱེན་དེའི་ནང་ཉུང་མཐར་ཡང་མི་20རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་རྨས་སྐྱོན་ཕོག་པ་ཡོད་ཅིང་། རྨས་སྐྱོན་ཕོག་མཁན་ལ་མིག་སྔར་ཚེ་སྲོག་གི་ཉེན་ཁ་མེད་ཅེས་བཤད།
       གཞུང་ལམ་ཟམ་པ་འདི་ནི་དུས་རབས་20པའི་ལོ་རབས་60ནང་བསྐྲུན་ཞིང་། ས་གནས་དེ་གའི་སྨྱན་སྦྱར་གྱིས་དམངས་དོན་སྲུང་སྐྱོང་སྡེ་ཚན་དང་མེ་ཟོན་མེ་གསོད་སྡེ་ཚན་གྱི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ནི་ཟམ་པ་དེར་གྲུབ་ཆའི་གནད་དོན་ཡོད་པ་བཤད། དབྱི་ཐ་ལི་སྲིད་གཞུང་གིས་ད་ཐེངས་ཀྱི་དོན་རྐྱེན་དེར"སྐྱོ་གར་ཆེན་པོ"ཞིག་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།